e-texts navigator
Collection
Volume
Page
Wylie

185a1 རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ། ཆོས་ཀྱི་རྗེས་སུ་འཐུན་པར་སྤྱོད་པ་སྟེ། དགེ་འདུན་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་གསུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད་དོ།། དགེ་འདུན་ལ་རྒྱུན་ཏུ་ཞུགས
185a2 པ་དག་ཀྱང་ཡོད་དོ།། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད།། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མྱི་འོང་བའི་འབྲས་བུ་མངོན་སུམ
185a3 དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མྱི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད་དེ།
185a4 དེ་དག་སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ
185a5 ཕུན་སུམ་ཚོགས་པ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུ། ན་སུམ་ཚོགས་པ། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ།། རབ། ཏུ་སྦྱིན་པའི་འོས་སུ་གྱུར་ད་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་ད་པ།
185a6 ཕྱག་བྱ་བའི་འོས་སུ་གྱུར་པ།། བསོད་ནམས་ཀྱི་ཞིང་བླ་ན་མྱེད་པ་འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས། དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག།། ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས
185a7 དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ
185a8 ངག་ཀྱིས་སངས་རྒྱས་ལ་སྩོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས།། རང་རང་གི་ལག་ནས། བཟའ་བ་དང་། བཅའ་བ་གཙང་ཞིང་བསོད་པ་དག་ལེགས་པར་སྟབས་ཤིང་། ཡང་དག་པར་ཚིམ་པར་བྱས
185a9 སོ། རས་གྲངས་དུ་མར་རང་རང་གི་ལག་ནས་། མའའ་བོ་དང་། བཅའ་བ་གཅང་ཞིང་གསོད་པ་དག་ལེགས་པར་བསྟབས་ཤིང་། ཡང་དག་པར་ཚིམ་པར་བྱས་ནས། བཅོམ་ལྡན་འདས་གཟུགས་མོང་གསོལ་ཅིང་། སུབ་འཟེད




iiif viewer powered by OpenSeadragon

184b - 185b

Texts on this page

Ng26.7 - mdo chen po rgyal mtshan mchog ces bya ba