e-texts navigator
Collection
Volume
Page
Wylie

184b1 དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག། དེའི་ཚེ་ཁྱོད་ཀྱིས་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ
184b2 འབྱུང་བར་འགྱུར་པ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། གལ་ཏེ་ལྷའི་བུ་དབང་ལྡན་གྱི་མྱི་དྲན་ན་ཡང་། ལྷའི་བུ་ཆུ་ལྷའི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག། དེའི་ཚེ་ཁྱེད་ཀྱིས་ལྷའི་བུ་ཆུ་ལྷའི་རྒྱལ་མཚན་མཆོག
184b3 ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་ཀང་ལཱི་ག་དེ་མྱེད་པར་འགྱུར་རོ།། ཚོང་པ་དག་དེ་བཞིན་དུ། གལ་ཏེ་ཁྱེད་ཅག་ཀྱང་དགོན་པར་སོང་བ་ན། འཇིགས་པ
184b4 འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་པ་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ
184b5 བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ།། སྒྱུར་བ།། བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོན་པ། སངས་རྒྱ། ས་བཅོམ་ལྡན་འདས་ཡིན་ནོ་ཞེས་པ་རྣམ་པ་ལས་ཡང་དག་པར་རྗེས་སུ
184b6 དྲན་པར་གྱིས་ཤིག། ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།།
184b7 གལ་ཏེ་ང་མྱི་དྲན་ན་ཡང་། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ།། ནད་མྱེད་པ། དུས་ཆད་པ་མྱེད་པ།། ཉེ་བར་གཏོད་པ། འདི་མཐོང་ལ་ཡོད་པ།། མཁས་པ་རྣམས་ཀྱི་རང་གྱིས་རིག་པར་བྱ་བ
184b8 མ་ཡིན་ནོ་ཞེས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག། ཚོང་པ་དག་དེའི་ཚེ་ཁྱོད་ཀྱིས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་བའམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར
184b9 འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། གལ་ཏེ་ཆོས་མྱི་དྲད་ན་ཡང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་ཀྱི།




iiif viewer powered by OpenSeadragon

184a - 185a

Texts on this page

Ng26.7 - mdo chen po rgyal mtshan mchog ces bya ba