| e-texts navigator |
| Wylie |
184a1 རྒྱུན་ཏུ་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ
184a2 ཕྱིར་མྱི་འོང་བའི་འབྲས་བུ་མངོན་གསུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མྱི་འོང་བའི་ངག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང
184a3 ཡོད། དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད་དེ། དེ་དག་ནི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན
184a4 ཕུན་སུམ་ཚོགས་པ།། ཤེས་རབ་ཕུན་སུམ་ཚོགས་པ།། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའ་ཕུན་གསུམ་ཚོགས་པ།། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་ད་པ།། རབ་ཏུ་སྦྱིན
184a5 པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་ད་པ། ཕྱག། བྱ་བའི་འོས་སུ་གྱུར་ད་པ། བསོད་ནམས་ཀྱི་ཞིང་བླ་ན་མྱེད་པ། འཇིག་རྟེན་གི་ཡོན་གནས་ཡིན་ནོ་ཞེས་དགེ་འདུན་རྣམ་པ་ལས་ཡང་དག
184a6 པར་རྗེས་སུ་དྲད་པར་གྱིས་ཤིག། ཚོར་བ་དེ་དག་དེའི་ཚེ་ཁྱེད་ཀྱིས་དགེ་འ་དུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ནས། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པར་འབྱུང་བར་འགྱུར་བ་གང
184a7 ཡིད་པ་རེ་མྱེད་པར་འགྱུར་རོ།། ཚོང་པ་དག་སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིད་ཀྱིས་སུམ་བཅུ་རྩ་གསུམ་གྱི་ལྷ་དག་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་དང་། ལྷ་མ
184a8 ཡིན་གྱི་གཡུལ་དུ་ཞུགས་པ་ན།། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ད་ན། དེའི་ཚེ་ཁྱོད་ཀྱིས་ང་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱི་ཤིག། དེའི་ཚེ་ཁྱེད་ཀྱིས
184a9 ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འམ། སྲུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་བྱེད་པར་འགྱུར་རོ།། གལ་ཏེ་ང་མྱི་དྲན་ན་ཡང་། ལྷའི་བུ