e-texts navigator
Collection
Volume
Page
Wylie

183b1 ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས།། དགེ་སློང་གི་དགེ་འདུན་གི་གུང་ལ། བདན་བཤམས་པ་དེ་ཉིད་ལ་བཞུགས་སོ།། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
183b2 ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཚོང་པ་དག་གལ་ཏེ་ཁྱེད་ཅག་དགོན་པར་སོང་བ་ན
183b3 འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་པ་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ
183b4 ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་པ་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར
183b5 གྱིས་ཤིག། ཚོང་པ་དག་དེའི་ཚེ་ཁྱོད་ཀྱིས་ང་རྣམ་པ་ལས་ཡང་དག། བར་རྗེས་སུ་དྲན་པར་བྱས་ན། འཇིགས་པ་འམ། བག་ཚ་བ་འ།། མ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་ཡིན་པ་དེ་མྱེད་པར་འགྱུར
183b6 རོ།། གལ་ཏེ་ང་མྱི་དྲན་ན་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ།། ནད་མྱེད་པ། དུས་ཆད་པ་མྱེད་པ། ཉེ་བར་གཏོད་པ་འདི་མཐོང་ལ་ཡོད་པ། མཁས་པ
183b7 རྣམས་ཀྱིས་རང་གིས་རིག་པར་བྱ་བ་མ་ཡིན་ནོ་ཞེས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ནས།། འཇིགས་པ་འམ།
183b8 བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མྱེད་པར་འགྱུར་རོ།། གལ་ཏེ་ཆོས་མྱི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་དྲང་པོར་ཞུགས་པ། མཐུན་པར
183b9 ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པར་སྤྱོད་པ་སྟེ། དགེ་འདུན་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་གསུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད་དོ།། དགེ་འདུན་ལ




iiif viewer powered by OpenSeadragon

183a - 184a

Texts on this page

Ng26.7 - mdo chen po rgyal mtshan mchog ces bya ba