| e-texts navigator |
| Wylie |
183a1 ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེང་སྟོང་། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ།། ནམ་གྲངས་དུ་མ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡ
183a2 དག་པར་འཛིན་དུ་བཅུག། ཡང་དག་པར་གཟེད་སྟོང་དོ།། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས། ཅང་མྱི་གསུང་བར་ཞུགས་སོ།། དེ་ནས་ཡངས་པ་ཅན་གྱི་ཚོང་བ་རབ་ཏུ་མང་པོ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག
183a3 བ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅག་ནི་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཡུལ་རྡོ་འཇོག་ཏུ་འཇལ
183a4 ཚོང་བགྱི་བའི་སླད་དུ།། ཡུལ་རྡོ་འཇོག་དུ་འཆི་བར་ཆས་པ་ལགས་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་སང་བདག་གི་སྣུམ་པར་གདུགས་ཚོད་གསོལ་བར་ཅི་ག་ནང་། བཅོམ་ལྡན་འདས་ཀྱིས
183a5 ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་ལ་ཅང་མྱི་གསུང་བས་ཀན། ང་བར་མཛད་དོ།། དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་།། པོ་དག་ཀྱིས། བཅོམ་ལྡན་འདས་ཀྱིས་ཅང་མྱི་གསུང་བས་གནང་བར
183a6 རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་སྟོ། ད་ཅིང་། རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མདོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་དོང་ངོ་།།
183a7 དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གྱིས།། དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་། བཅའ་བ་གཙང་ཞིང་གསོད་པ་དག་ལེགས་པར་སྦྱར་ནས།། ནང་པར་སྔར་ལངས་ཏེ་གདན་དག་བཤམས་ཤིང་། ཆུ་ར་དག་ཀྱང་བཞག
183a8 ནས་བཅོམ་ལྡན་འདས་ལ་བཙུན་པ་གདུགས་ཚོད་སྦྱར་དེ་དུས་ལ་བབ་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་འདྲེན་གྱིས་སྤྱན་དྲངས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོ
183a9 ཤམ་ཐབས་དང་། ཆོས་གོས་གསོལ་ཏེ། སྣུམ་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཡངས་པ་ཅན་གི་ཚོང་པ་རབ་ཏུ་མང་པོ་དག་གི་བཀང