e-texts navigator
Collection
Volume
Page
Wylie

98b1 ཟུར་ཀྱང་།། རྟག་ཏུ་ཆོས་དོན་ཡོངས་སུ་གཏོང་བ་བྱེད།། བློ་ལྡན་གཡོ་སྤུ་ཅན་ཏུ་མྱི་འགྱུར་ཏེ།། རྨོངས་པར་གྱི་འགྱུར་ཚིག་རུག་ཁྲོ་མྱི་འགྱུར།། ཕོངས་པའི་གནས་ན་མྱ་ངན་གྱི་བྱེད་པ།། གཞན་གྱི་གནད་ལ་འབེབས་པར་བྱེད་དེ།
98b2 སྐན།། ཧཅང་ཐལ་དང་ཧ་ཅང་ཞུམ་པ་དང་།། དམན་པའི་མྱི་རྣམས་ལ་ཡང་མ་ཡིན་ཏེ།། བར་མའི་གནས་ལ་རྟེན་པར་བྱེད་པ་དག། དེ་ནི་མཁས་པ་རྣམས་ནི་མཚན་ཉིད་ཡིན།། ཧཅང་ཐལ་བ་རྟག་ཏུ་མཁོན།། ཧ་ཅང་ཞུམ
98b3 པ་རྟག་ཏུ་བརྙས།། དེ་ཕྱིར་དེ་གཉིས་སྤངས་ནས་སུ།། གོ་འཕངས་པར་མ་བསྟེནད་པར་བྱ།། རེས་འགའ་སྐུག་པ་འམ་འོན་པ་ལྟ་བུར་གྱིས།། དུས་ལ་བབ་ན་ས་བདག་བཞིན་དུ་སྨོས།། རེས་འགའ་ཀངས་རི་བཞིན་ཏུ་གས
98b4 བར་གྱིས།། དུས་ལ་བབ་ན་མྱེ་ལྕེ་བཞིན་དུ་སྤོར།། རེས་འགའ་རྩ་བ་འདྲ་བར་ཞུམ་པར་བྱ།། དུས་ལ་བབ་ན་རི་རེབ་ལྟ་བུས་ཀྱིས། རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བར་བྱ།། དུས་ལ་བབ་ན་ཐུབ་འདྲར
98b5 ནགས་སུ་སོང་།། རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།། དུས་སུ་བདེ་དང་སྡུག་བསྔལ་དང་བྱ་ལེན།། ནོར་བྱར་བྲན་བཞིན། བཀོལ་བར་མྱི་བྱ་སྟེ།། ཁྲོ་བའི་དབང་དུ་གྱུར་པར་མྱི་བྱའོ།། རེས
98b6 འགའ་དགའ་བའི་ཀླུ་དང་སིལ་སྙན་གྱིས།། རྩེ་ཞིབ་ཤ་དང་ཆང་ཡང་སྤྱད་པ་ར་བྱ།། རེས་འགའ་རི་དགས་ལྟར་བུར་འཇིགས་བཞིན་སོང་།། དུས་སུ་གཅན་ཟན་བཞིན་དུ་ཉམས་ཆལ་བསྟནད།། དང་པོར་དུས་དང་དུས་ཀྱིན
98b7 དང་།། བདག་ཉིད་སྟོབས་ལྡན་སྟོབས་མྱེད་དང་།། དར་དང་རྒུད་པ་རྟགས་ནས་སུ།། དེ་ནས་དོན་རྣམས་ལེགས་པར་བརྩམ།། བཟོད་བྱེད་རྣམས་ལ་བཟོད་པ་དང་།། བཟོད་ལྡན་རྣམས་ལ་འང་བཟོད་པར་གྱིས།། ཉམ་ཆུང
98b8 རྣམས་ལ་འང་བཟོད་པ་དང་།། སྟོབས་ལྡན་ལའང་བཟོད་པ་དང་།། ཁོན་གྱིས་ཁོན་ཞིར་རྣམས་ཀྱང་མྱི་འགྱུར་བས།། བཟོད་མྱེད་རྣམས་ལའང་བཟོད་པར་བྱས་ན་ལེགས།། ཁྲོས་པ་རྣམས་ལ་རྟག་ཏུ་དང་བ་དང་།། གཞན
98b9 ཀྱི་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས།། གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་།། འཐའ་ཟླའི་ཆོག་མཐའ་གྱུར་དཔྱིར་བཟོད།། གང་ཞིག་འོག་མའི་ཚིག་རྣམས་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་དམ




iiif viewer powered by OpenSeadragon

98a - 99a

Texts on this page

Ng22.34 - klu'i rgyal po rnga sgra'i tshigs su bcad pa