| e-texts navigator |
| Wylie |
90a1 རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོ་ནུ་ཁྱད་པར་བྱ་བསད་པར་མྱི་བྱ་ཞིང་། ཀཞོ་ནུ་ཟི་ལིད་ཀྱིས་མནནད་པར་མྱི་བྱ་བ་དང་། རྒྱལ་པོ་ཆེན་པོ་བྲང་འགྲོ་གཞོ་ནུ་ཁྱད་པུ་གསད་པར་མྱི་བྱ་ཞིང་། གཞོ་ནུ་ཟི་སད་ཀྱིས་ཡན་ནད་པར
90a2 མྱི་བྱེ་བ་དང་། རྒྱལ་པོ་ཆེརན་པོ་མྱེ་ཆུང་ངུ་ཁྱད་དུ་གསད་པར་མྱི་བྱ་ཞིང་། ཆུང་ངུ་ཟིལ་ཀྱིས་གནན་པར་མྱི་བྱ་བ་དང་། རྒྱལ་པོ་ཆེན་པོ་དགེ་སློང་གཞོ་ནུ་ཁྱད་དུ་གསད་པར་མྱི་བྱ་ཞིང་།། གཞོ་ནུ་ཟིལྡ་ཀྱིས་གནན་པར་མྱི་བྱའོ།
90a3 དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དགེ་སློང་ནི་གཞོ་ནུ་ཡིན་ཡ་། དེའི་རྫུ་འཕྲུལ་ཆེ་ཞིང་། མཐུ་ཆེ་བ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ད་ཏེ། བདེ་བར་གཤེགས་པས་གསུངས་ནས། སྟོན
90a4 པ་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་རིགས་དཔེལ་བྱད་ལྡན་གྱུརྡ་ཅིང་།། རིགས་བཙུན་གྲངས་དང་ལྡན་པ་དེ།། གཞོན་ཡང་ཁྱད་དུ་མྱི་གསད་ཅིང་།། མཁས་པས་ཟིལ་གྱིས་གནན་མྱི་བྱ།།
90a5 རྒྱལ་པོ་རྒྱལ་སྲིད་ཐོབ་དཀྲུགས་ནས། རྒྱལ་རིགས་ཆད་པ་འབྱུར། འགྱུར་བའི།། གནས་ནི་ཀར་ཕྱིར་ཡོད་པས་ན། དེ་ཕྱིར་དེ། ལ་ཀུས་ཕྱག་བྱ།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད
90a6 དུ་གསད་མྱི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེག་ས་པར་སྤངས་པར་བྱ།། གྲོང་ངན་ཡང་ན་དཀོན་པར་ནི།། གང་དུ་བྲང་འགྲོ་མཐོང་བ་དེ།། གཞོན་ཡང་ཁྱད་དུ་མྱི་གསད་ཅིང་། མཁ
90a7 པས་ཟི་ལད་ཀྱིས་མནན་མྱི་བྱ།། མཐོན་པོ་འམ་དམའ་བའི་རིགས་དག་ཏུ།། ཚོལ་ཅན་ནང་ན་ཀླུ་རྒྱུ་བས།། སྐྱེས་པ་བུད་མྱེད་དུ་མ་དང་།། བྱིས་པ་རྣམས་ཀྱང་རྙེད་ན་འཛིནད།། དེ་ཕྱིར་བདག་སྲོག་བསྲུང་བྱེད་པས
90a8 དེ་ནི་ཁྱད་དུ་བསད་མྱི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེགས་པར་སྤང་བར་བྱ།། འབར་བ་མང་བ་ཟ་མྱེད་པ།། བྱིན་ཟ་ལ་སྔོན་ལྡན་པ་དེ།། ཆུ་ཡང་ཁྱད་དུ་མྱི་གསད་ཅིང་།། མཁས་པས་ཟིལར
90a9 ཀྱིས་གནནད་ཀྱི་བྱ། ཉེ་བར་ལེནད་པས་བྱིན་པ་ནི།། ཆུ་ངུར་གྱུར་ང་ནས་ཆེན་པོར་འགྱུར།། མྱེ་ལྕེ་འབར་བས་མྱུར་བར་ནི། ཀྲོང་དང་ཀྲོ་ཁྱེར་སྲེག་པར་བྱེད། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དོན་ཁྱང་དུ