| e-texts navigator |
| Wylie |
89b1 མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་མཆེའོ་ཞེས་ཐོས་ནས། ཀྱེ་ཀོའུ་ཏ་མ་ཇི་ལྟར་ཀར་དག་དེ་སྐད་མཆི་བ་དེ་དག་དེ་ལྟར་བརྡའ་སྤྲོད་པར་བགྱིད་པ་ན། ཤེས་ལྡན་ཀོའུ་ཏ་མ་ལ་སྐུརྡ་པ
89b2 འདེབས་པར་མྱི་བགྱིད་ཅིང་། གཅང་ཐལ་བར་ཡང་མྱི་བགྱིད་པ་དང་། དེ་དག་ཤེས་ལྡན་ཀོཥྚ་ཏ་མས་གསུངས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡའ་སྨོད་པར་བགྱིད་པ་དང་། གསུངས
89b3 པའི་རྗེས་སུ་སྨྲ་བ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་མྱི་མཆི་བ་ལགས་སམ། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་ཟེར་བ་དེ་དག་དེ་ལྟར་འདའ་སྨོད་པར་བྱེད་པ་ན། །
89b4 ལ་སྐུར་དྲ་པ་འདེབས་པར་གྱི་བྱེད། གཅང་ཐལ་བར་གྱི་བྱེད་པ་དང་། དྲག་ཁོ་བོས་སྨྲས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་བརྡའ་སྤྱོད་པར་བྱེད་པ་དང་། སྨྲས་པའི་རྗེས
89b5 སུ་སྨྲ་བ་དེ་དག་ལ་གནན་པས་ཆོས་དང་མཐུན་པས་སྤྲང་པོའི་ཀན་ས་ལྟ་བུའི་ཆོས་འགའ་ཡང་ཤིན་པ་ཏུ་མྱི་འོང་བ་ཡིན་ནོ།། དེ་ཅི། འི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁོ་བོས་ནི་བླ་ན་མྱེད་པ་ཡང་དག་པར
89b6 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ།། ཤེས་ལྡན་ཀོའུ་ཏ་མ་དེ་སྐད་གསུང་དུ་ཟིནད་ཀྱང་། བདག་ནི་ཤེས་ལྡན་ཀོའུ་ཏ་མ་ལ་དད་པས་མྱི་འཆིའོ།། དེ་ཅིའི་སླད་དུ་ཞེ་ན།
89b7 ཤིག་དགེ་སྦྱོང་དང་བྲམ་ཟེ་རྒས་པ་རྒན་པོ་འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྔས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། གྱི་འབམ་སྣའི་ལ་ན་དང་། ཀ་ཏའི་བུ་ནོག་ཅན་དང་།
89b8 གཅེར་བུ་བུ་གཉེན་གི་བུ་གང་དག་ལགས་པ་དེ་དག་ཀྱབང་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པོ་ཞེས་བདག་ཉིད་འམ་ཆེ་བར་གྱི་བགྱིད་ན། ཤེས་ལྡན་ཀོལླ་ཏ་མ་ན་ཆོད་ཀྱི
89b9 གཞོན་ཞིང་། རབ་ཏུ་བྱུང་བ་གསར་པས་ལྟ་སྨོས་ཀྱང་མི་འཚལ་བའི་སླད་དུའོ།། རྒྱལ་པོ་ཆེན་པོ་བཞི་པོ། འདི་དག་ནི་གཞོན་ནུ་ཁྱད་པར་དུ་བསད་པར་མྱི་བྱ་ཞིང་། གཞོ་ནུ་ཟི་ལད་ཀྱིས་ཀན་ནད་པར་མྱི་བྱའོ།། བཞི་གང་ཞེན