e-texts navigator
Collection
Volume
Page
Wylie

89a1 སེམས་ཅན་གང་ཡིན་པ་དེ་པདེ་དག་སེམས་ཅན་གི་རིས་དེ་དཔེ་དེ་དག་ནས་འཕོས་པ་དང་། འཕོབ་ཉིད་དང་། ཞིགས་པ་དང་། རང་ཉམས་པ་དང་། ཚེ་ཉམས་པ་དང་། དྲོད་ཡས་པ་དང་། ཐོག་གི་དབང་པོ་འགགས
89a2 པ་དང་། ཕུང་པོ་རྣམས་འདོར་བ་དང་། ཤི་བ་དང་དུས་བྱེད་པ་འདི་ནི་ཤོ་བ་ཞེས་བྱ་སྟེ། ཤི་བ་འདི་དང་། སྔ་མ་རྒ་བ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱའོ།། འདི་ནི་རྟེནད་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ཡིན་ནོ།། དགེ་སློང
89a3 དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བཤད་པར་བྱའོ་ཞེས་ངས་སྨྲས་པ་གང་ཡིན་པ་དེའི་ཆེད་དུ་ངས་སྨྲས་པ་འདི་དག་ཡིན་ནོ།། བརྟེནད་ཅིང་འབྲེལྡ་པར་འབྱུང་བའི་མདོའི་རྫོགས་སྷོ།། །
89a4 རྒྱ་ཀར་སྐད་དུ། ཀུ་མ་རཱཏྲི་ཤིན་ཏུ་སུ་ཏྲ།། བོད་སྐད་དུ། གཞོ་ནུའི་དཔེའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
89a5 འདི་སྐད་བདག་གིས་ཐོས་པ་ཏུས་ཅིག་ན། བཅོམ་ལྡན་འདས་རྐོ། ས་ལ་དག་ཏུ་ལྗོངས་རྒྱུ་རུ་གཤེགས་པ་ན། ཀཉན་ཡོད་དུ་བྱོན། ནས། ཀཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མྱེད་ཟས
89a6 སྦྱིན་གི་ཀུན་དགའ་ར་བ་ན་བཞུགས་ཏེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གིས་དགེ་སློང་ཀོའུ་ཏ་མ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པ་ན། ཀཉན་ཡོད་ཏུ་བྱོདན། གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན
89a7 མྱེད་ཟས་སྦྱིན་གི་ཀུན་དཀའ་ར་བ་ན་བཞུགས་ཤིང་། ཤེས་ལྡན་ཀེའུ་ཏ་མ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཚེའོ་ཞེས་སོ།། ཟོས་རྦ
89a8 བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ། ཕྱི་ནད་ནས། བཅོམ་ལྡན་འདས་དང་ཐབས་གཅིག་མངོན་ཏུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་ཅིག་ཏུ
89a9 འདུག་ནས། ཀོ་ས་ལར་འབྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། ཀྱེ་ཀོའུ་ཏ་མ་བདག་གིས་ཤེས་ལྡན་ཀོའུ་ཏ་མ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ




iiif viewer powered by OpenSeadragon

88b - 89b

Texts on this page

Ng22.31 - rten cing 'brel bar 'byung ba dang po dang rnam par dbye ba bstan pa zhes bya ba'i mdo
Ng22.32 - gzhon nu dpe'i mdo