| e-texts navigator |
| Wylie |
88a1 ནང་དང་ཕྱི་མྱི་ཤེས་པ་དང་། ལས་མྱི་ཤེས་པ་དང་། རྣམ་པར་སྨྱིནད་པ་མྱི་ཤེས་པ་དང་། ལས་དང་རྣམ་པར་སྨྱིནད་པ་མྱི་ཤེས་པ་དང་། སངས་རྒྱས་མྱི་ཤེས་པ་དང་། ཆོས་མྱི་ཤེས་པ་དང་། དགེ་འདུན་མྱི་ཤེས།
88a2 པ་དང་། སྡུག་བསྔལ་མྱི་ཤེས་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མྱི་ཤེས་པ་དང་། རྒྱུ་མྱི་ཤེས་པ་དང་། རྒྱུ་ལས་ཡང་དག་པར་འབྱུང་བའི་ཆོས་མྱི་ཤེས་པ་དང་། དགེ་བ་དང་མྱི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས
88a3 པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། བསྟེནད་པར་བྱ་བ་དང་། སྟེ་ནད་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་། གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་། རྣམ་པར་དབྱེ་བ་དང་། བཅས་པའི་རྟེནད་ཅིང་འབྲེལ་པར་འབྱུང་བ་དང་།།
88a4 རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་བ་བཞིན་ཁོང་དུ་མྱི་ཆུད་པ་དང་། ཀང་དེ་དང་དེར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མྱི་ཤེས་པ་དང་། མཐོང་བ་དང་། མངོན་པར་མ་གཏོགས་པ་དང་། རྨོངས་པ་དང་། ཀུནད་ཏུ་རྨོངས
88a5 པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་འདི་ནི་མ་རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེནད་ཀྱིས་འདུ་བྱེད་ཅེས་བྱ་བའི་འདུ་བྱེད་གང་ཞེ་ན། འདུ་བྱེད་ནི་རྣམ་པ་གསུམ་ཏེ། གསུམ་གང་ཞེ་ན། ལུས་ཀྱི
88a6 འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ།། འདུ་བྱེད་ཀྱི། རྒྱ་ནད་ཀྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མྱིག་གི་རྣམ་པར་ཤེས་པ་དང་།
88a7 རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པའི་རྐྱེནད་ཀྱིས་མྱིང་དང་གཟུགས་ཞེས་བྱ་བ་ལ། མྱིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང་།
88a8 འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ།
88a9 གཟུགས་འདི་དང་། སྔ་མའི་མྱིངར་གཉིས་གཅིག་ཏུ་མངོན་པར་འདུས་ནས། མྱིང་དང་གཟུགས་ཤེས་བྱའོ།། མྱིང་དང་གཟུགས་ཀྱི་རྐྱེནད་ཀྱིས་མཆེད་དྲུག་ཀང་ཞེ་ན། ནད་ཀྱི་སྐྱེ་མཆེད་དྲུག་སྟེ། མྱིག་ནང་གི་སྐྱེ་མཆེད་དང་། ན་པ