| e-texts navigator |
| Wylie |
87a1 པར་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ལྟ་སྟེ། གཞི་ལྔ་པོ་དག་ལའོ།། ཞེས་བྱ་བའི་བར་དུའོ།། དེ་ཡང་རེག་པའི་རྐྱེནད་ལས་བྱུང་བ་ལས་གཞན་པའི་ཚོར་བར་འགྱུར་བ་འདི་ནི་གནས་མྱེད་དོ།། དགེ་སློང
87a2 གིས་གང་ཚུན་ཅད་རེག་པའི་སྐྱེ་མཆེད་དྲུག་པོ་དག་ནི། ཀུན་འབྱུང་བ་ནུབ་པ་དང་། རོ་མྱང་བ་དང་། ཉེས་དམྱིགས་ཡང་དག་པ་ཅི་ལྟ་བ་བཞིན་ཁོང་དུ་ཆུད་པ་འདི་ནི་འདི་ལྟར་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ
87a3 ཡིན་ནོ།། དགེ་སློང་དག་དེ་ལ་གང་ཟག་པ་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ། རིམས་ནད་དང་བཅས་པ། སྡུག་བསྔལ་རྣམ་པར་སྨིནད་པ། ཚེ་ཕྱི་མ་ལ་རྒ་ཤི་རྗེས་སུ་མཐུན་པ་དེ་དག་དེ་བཞིན་གཤེགས་པས་སྤངས
87a4 ཤིང་ཡོངསུ་མཁྱེན་ལ། ཤིང་ཏ་ལའི་འགྲོ་བཞིན་རྩ་བ་ནས་བཅད་དེ་འགྲོ་བ་སྣང་བ་མྱེད་པ་སྐྱེ་བ་ཕྱི་མ་ལ་མྱི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀ།
87a5 འདི་རྣམ་པ་གསུམ་དུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་ཀ། ཡོས་སོ།། འགུལྡ་ཏོ། རབ་ཏུ་འཀུལ་། ཀུནད་ཏུ་རབ་ཏུ་འཀྲུ། ལད་ཏོ།། ལྡེགས་ཀུན་ཏུ་ལྡེགས། ཀུན་ད་ཏུ་རབ་ཏུ་ལྡེགས་སོ།།
87a6 དེའི་ཚེ་ཚེ་དང་ལྡན་པ་ཀུན་དཀའ་བོ།། བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་ཅིང་བསིལ་ཡབ་ཐོགས་ནས།། བཅོམ་ལྡན་འད་ས་ལ་གཡོ་བ་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
87a7 བཙུན་པ་ཆོས་ཀྱི་ནམ་གྲངས་འདིའི་མྱོང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། ཀུན་དཀའ་བོ་དེའི་ཕྱི་ཆོས་ཀྱི་ནམ་གྲངས་འདི་ནི། ཆུའི་དྲ་བ་ཞེས་བྱ་བར་ཡང་ཟུང་ཞིག། དོན་གྱི་དྲ་བ་དང་། ཆོས་ཀྱི་དྲ་བ་དང་། ཚངས་པའི་དྲ་བ་ཞེས
87a8 བྱ་བར་ཡང་ཟུག་ཤིག། དེ་བས་ན་ཚངས་པའི་དྲ་བ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས
87a9 པ་ལ་ཡི་རངས་ཏེ། མངོན་པར་བསྟོད་དོ།། བར་གྱི་སྡོམ་མི། རྟག་དང་གཅིག་པུ་ཆུ་མྱེད་དང་།། མཐའ་ལྡན་དེ་བཞིན་ལྔ་གྱི་སྤོང་།། འདུ་ཤེས་འདུ་ཤེས་བྱེད་ཅན་དང་། ཅད་དང་མྱ་ངན་འདས་པ་དང་། དམྱིགས་དང་ཀུན་ནས