| e-texts navigator |
| Wylie |
86b1 བྱ་བ་དག་གོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དེ་དག་སྔོན་ཀ་མཐའ་ལ་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེནད་རྟག་གོ་ཞེས་མངོན་པར་བརྗོད་པ་ནི་འདི་ལྟ་སྟེ། བཞི་བཞི་པོ་དག་ལ་སྟེ། དགེ་སྦྱོང་དང་བྲམ།
86b2 ཟེ་མཁས་པ་མ་ཡིན་ཞིང་མ་རིག་པར་གྱུརྡ་པ་བག་མྱེད་ཅིང་རྨོངས་པ་ལ་གནས་པ་དེ་དག་སྲིད་པར་བྱ་སྟེ། དེ་ནི་སྲིད་པས་རྣམ་པར་སྤྱོད་པའོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དེ་དག་ཕྱི་མའི་མཐའ་ལ་རྟོག་ཅིང་ཞེས
86b3 བྱབ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་བརྗོད་པ་ནི་གཞི་བའི་པོ་དག་ལ་སྟེ། ཞེས་བྱ་བའི་བམ་དུའོ། དགེ་སྦྱོང་དང་བྲམ་ཟེ་ཁ་གཅིག་མཁས་པ་མ་ཡིན།
86b4 ཞིང་མ་རིག་པར་གྱུརྡ་པ་བཀ་མྱེད་ཅིང་རྨོངས་པ་ལ་གནས་པ་དེ་དག་ལ་རིག་པར་བྱ་སྟེ། དེ་ནི་སྲིད་པས་རྣམ་པར་བསྐྱོད་པའོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གི་མཐའ་ལ་རྟོག་ཅིང་རྟག་པ།
86b5 སྨྲ་བ་དག་བདག་དང་འཇིག་རྟེན་ད་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་འདི་ལྟ་སྟེ། གཞི་བཞི་པོ་དག་ལ་སྟེ། རེ། ཡང་བརྟེནད་ཅིང་འབྲེལ་པར་འབྱུང་བ་ཡིན་པར་སྲིད་ཀྱི། བརྟེན
86b6 ཅིང་འབྲེལ་པར་འབྱུང་བ་མ་ཡིན་པར་འགྱུར་བ་དེ་ནི་གནས་བྱེད་དོ།། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བ་དག་མཐོ་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་བརྗོད་པ་དག་གོཞེས
86b7 པོ་དག་ལ་སྟེ། ཞེས་བྱ་བའི་བར་དུའོ།། དེ་ཡང་བརྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་སྲིད་ཀྱི་རྟེནད་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པར་འགྱུར་བ་འདི་ནི་གནས་མྱེད་དོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང
86b8 དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་། རྟག་པར་སྨྲ་བ་དག་མཐོང་བའི་ཆོས་ལ་བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་གཞི་བཞི་པོ་དག་ལ་སྟེ། དེ་ཡང་རེག་པའི་རྐྱེནད་ལས་བྱུང་བར་སྲིད
86b9 ཀྱི་རེག་པ་ལས་བྱུང་བའི་ལས་གཞན་པའི་ཚོར་བར་འགྱུར་བ་འདིར་གནས་མྱེད་དོ།། ཕྱི་མའི་མཐའ་ལ་རྟོག་ཅིང་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས