| e-texts navigator |
| Wylie |
78b1 ལ་བསོད་ནམས་ཟད་པ་ནི་གནས་དེ་ནས་ཤི་འཕོས་ནས་འདིར་མྱི་རྣམས་དང་བསྐལ་བ་མཉམ་པར་འགྱུར་ལ།། དེ་དབང་པོ་རྣམས་ཡོངས་སུ་སྨིནད་ཅིང་ནར་སོ་ནད་པའི་རྒྱུས་ན་ཞེས་བྱ་བ་ནས།། སྔོན་གི་ལུས་ཡང་དག་པར་རྗེས།
78b2 སུ་དྲན་ནོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་ན་གང་ལྷ་ཡིད་འཐུག་ཅེས་བྱ་བ་དེ་དག་གི་ནང་ནས་གང་དག་མྱིག་གིས་མྱིག་ཚུགས་སུ་ཤི་ནད་ཏུ་མྱི་ལྟ་བ་དེ་དག་ནི་རྟག་པོའི་རྟན
78b3 པའོ།། ཟེར་ཟུག་པའོ་མྱི་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། ཡང་བདག་ཅག་ན་ཤི་ནད་ཏུ་མྱིག་ཀྱིས་མྱིག་ཚུགས་ཏུ་ལྟ་བ་དང་ལྡན་པས་བདག་ཅག་ནི་མྱི་རྟག་པའོ།། མྱི་བརྟན་པའོ།། ཡིད་བརྟན་དུ་མྱི་རུང་བའོ།། རྣམ་འགྱུར
78b4 བའི་ཆོས་ཅན་ཡིན་ནོ་སྙམ་མོ།། དེ་ལྟར་མ་ཁ་ཅིག་ནི་རྟག་ལ་ཁ་ཅིག་མྱི་རྟག་སྟེ། མིལ་རྟེནད་ཅིང་མིལ་གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིང་། ཁ་ཅིག་ནི་རྟག་པ་སྟེ། བདག་དང་འཇིག་རྟེན
78b5 ཁ་གཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདོན་དྲ། ཞི་བཞི་པའོ།། དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་སྔོན།། གི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན
78b6 པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི་བཞི་བཞི་པོ་འདི་དག་ལ་སྟེ། དེ་ལས་མྱི་ལྷག་མྱི་མ་པ་ལ་དེ་ལྟར་ན་ལྟ་བར་སོང་བ་དག་འདི་ལྟར་འཛིན་ད་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ
78b7 མབྱེད་ཅེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣབ་བ་ཡོངས་སུ་དག་པ་ཡོངས་སུ་སྦྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས
78b8 བགང་ལ་པ་འོས་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇིག་པའི་དགན་པར་ཤཱ་ཞིང་འཇོད་པར་བྱེད་དོ།། དགེ་སློང་དག་ཆོས་ཀང་དག་གཞན་བབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དང་།
78b9 ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ། གང་ཡང་དག་པ་ཇི་ལྟ་བ་བཞིན་བཉན་པར་སྨྲ་ཞིང་བརྗོད་པར་བྱེད་པ་གང་ཞེ་མ།