e-texts navigator
Collection
Volume
Page
Wylie

78a1 ལས་ཟད་ལ་བསོད་ནམས་ཟད་པ་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས། འདིར་གྱི་རྣམས་དང་། སྐལ་པ་མཉམ་པར་འགྱུར་ལ། དེ་དབང་པོ་ཡོངས་སུ་སྦྱིནད་ཅིང་ནར་སོན་པའི་རྒྱུས་ན་སྒྲ་དཔའ་སྤུ་བྲེགས་ཏེ།
78a2 གོས་ངུར་སྨྱིག་བགོས་ནས་ཡང་དག་པོའི་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་སྟེ།། དེ་དཀོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུ་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པོའི་རྒྱུ་ལས་བྱུང
78a3 བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། བསྒོམ་པོའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པ་དག་གི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིནད་དེ་ལྟ་བུ་ལ
78a4 རེག་པར་བྱེད་དོ།། དེ་ལྟར་མཉམ་པར་གཞག་པ་ལ་སྔོན་ཀི་ལུས་དེ་ཡང་དག་པར་རྗེས་སུ་དྲན་ནོ།། དེ་འདི་སྙམ་དུ་སེམས་སྟེ། འདོད་པའི་ཁམས་ན་ཀར་ལྷ་རྩེད་མོས་མྱོས་ཤེས་བྱ་བ་དག་གི་ནང་ནས་གང་དག་རྩེ་རྒ
78a5 རངས་པ་དང་ཤིན་ཏུ་མྱི་ལྡན་པར་འཁོད་དེ།། དེ་དག་ནི་རྟག་པའོ།། བརྟན་པའོ།། ཟེར་ཟུག་པའོ།། རྣམ་པར་མྱི་འགྱུར་བའི་ཆོས་ཅན། ཡིན་ནོ་སྙམ་མོ།། ཡང་བདག་ཅག་ནི་ཤི་ནད་ཏུ་རྩེ་དགའ་རངས་པ
78a6 དང་ལྡན་པའི་སེམས་ཀྱིས་གནས་པས་བདག་ཅག་ནི་མྱི་རྟག་པའོ། མྱི་བརྟན་པའོ།། ཟེར་ཟུག་མ་ཡིན་པའོ།། ཡིད་བརྟན་དུ་མྱི་རུང་འོ།། རྣམ་པར་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།། དེ་ལྟར་ན་ཁ་ཅིག་ནི
78a7 ཏཱཀ་ལ་ཁ་ཅིག་ནི་མྱི་རྟག་པ་སྟེ། ཅི་ལ་བརྟེན་ནས་པ་ནི་སྔ་མ་བཞིན་ཏེ། འདི་ནི་གསུམ་པའོ།། བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅིལ་རྟེནད་ཅིང་ཚིལ་གནས་ནས། ཅིལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་ཏོ།
78a8 ཅིང་ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་གོ་ཞེས་མངོན་པར་སྨྲ་ཞིང་།། མངོན་པར་བརྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷ་ཡིད་འཇུག་ཅེས་བྱ་བ་ཡོད་དེ་དེ་དག་གང་གི་ཚེ། ཤིན་ཏུ་མྱིག་གྱིས
78a9 མྱིག་ཚུགས་སུ་ལྟའོ།། དེ་དག་ཤི་ནང་ཏུ་མྱིག་གིས་ཀྱིག་གཅུག་སུ་ལྟ་བ་ན། ཡིད་འཁྲུག་ཅིང་ཡིད་ཁྲོས་པས་སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོས་པར་འགྱུར་རོ།། ཅི་སྟེ་སེམས་ཅན་འགའ་ཚེ་ཟད་ཅིང་ལས་འང




iiif viewer powered by OpenSeadragon

77b - 78b

Texts on this page

Ng22.30 - tshangs pa'i dra ba'i mdo