| e-texts navigator |
| Wylie |
77b1 དང་། བསྐལ་བ་མཉམ་པར་འགྱུར་ལ། དེ་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་། ནར་སོནད་པའི་རྒྱུས་ནི། སྐ་དཔ་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས། ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང
77b2 སྟེ། དེ་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། བསྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པོའི་རྒྱུ་ལས
77b3 བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིནད་དེ་ལ་རེག་པར་བྱེད་དོ།། དེ་ལྟར་མཉམ་པར་གཞག་པ་དང་། དེ་འདི་སྙམ་དུ་སེམས་ཏེ། ཚངས་པ་དེ་ནི་ལྟེ་བར་གྱུར་པ་ཉེས
77b4 སུ་མྱོང་བའི་ཕྱིར་འདི་སྐད་ཅེས་བྱ་སྟེ།། ས་དང་ཆུ་དང་། ཀྱེ་དང་དྲུང་དེ་ནི་གྱི་རྟག་པའོ།། གྱི་བརྟན་པའོ།། ཡིད་བརྟན་དུ་མྱི་རུང་བའོ།། པར་འགྱུར་བའི་ཆོས་ཅན་ཡིན་མོ།། སྙམ་ན་ཡང་འདི་སྙེད་ཅེས་བྱ་སྟེ།
77b5 སེམས་ཞེས་བྱ་བ་འམ། ཡིད་ཅེས་བྱ་བ་འམ། རྣམ་པར་ཤེས། པ་ཞེས་བྱ་བ་དེ་ནི་རྟག་པའོ།། བརྟནད་པའོ།། ཟེར་ཟུག་པའོ།། རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པའོ་སྙམ་མོ།། དེ་ལྟ་མའོ། ཆོས།
77b6 ནི་རྟག་ལ་ཁ་ཅིག་ནི་མྱི་རྟག་པ་སྟེ། མི་ལ་བརྟེནད་ཅིང་། ཅིལ་ནས་ནས། རྩིས་བརྟེན་དུ་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིང་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་རྟོག་གོ་ཞེས་མ།
77b7 པར་སྨྲ་ཞིང་། མངོན་པར་བརྗོད་པ་འདི་ནི་གཞི་གཉིས་པའོ།། གསུམ་པའི་ནི་དགེ་སྦྱོང་དང་། ཟམ་ཟེ་ཤེས་ལྡན་ཅིས་རྟེན་ཅིང་རྩིས་ཏེན་བཅས་ཏེ། སྔོན་གྲི་མཐའ་ལ་རྟོག་ཅིང་། ཁ་ཅིག་རི་རྟག་པ་པ་སྟེ། བདག་དང
77b8 འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་། མངོན་པར་བརྗོད་པ་ནི་དགེ་སློ་དག་འདོད་པའི་ཁམས་ནསྣ་མེད་མོས་མྱོས་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་གང་གི་ཚེ་ཤིན་ཏུ་རྩེ་དགའ་རངས་པ་དང་། ལྡན་ཞིམ
77b9 འཁོད་དེ་རྩེ་དགའ་རངས་པ་དང་བའི་སེམས་ཅན་དེ་དག་གི་ནང་ནས། ལུས་དུབ་ཅིང་དྲན་པ་རྨོངས་ལ། དྲནད་པའི་སེམས་ཅན་གནས་དེ་ནས་ཤི་འཕོས་ནས་འགྱུར་རོ།། འདི་ལྟ་སྟེ། སེམས་ཅན་འགའ་ཚེ་ཟད་ཅང