e-texts navigator
Collection
Volume
Page
Wylie

77a1 དད་པས་ཁྱིམ་ནས་ཁྱིམ་མྱེད་པ་རབ་ཏུ་བྱུང་སྟེ། དཀོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྤྱོ་ན་གནས་ཀྱང་རླུང་སྟེ། བརྩོན་པའི་རྒྱུ་ལས་བྱུང་བ་དང་། སྤོང་བའི་རྒྱུ་ལས་བྱུང་བ་དང་། བསྒོམ་པའི།
77a2 རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པའི་ཡིད་ལ་བྱེད་པའི་ངག་གི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛི་ནིད་དེ་ལྟ་བུ་ལ་རེག་པར་བྱེད་དེ།། དེ་ལྟར་སེམས་མཉམ་པར་གཞག་པ་ལས
77a3 སྔོན་གྱི་ལུས་དེ་ཡང་དག་པར་རྗེས་སུ་དྲན་ནོ།། དེ་འདི་སྙམ་དུ་སེམས་ཏེ་ཚངས་པ་དེ་ནི་དངོས་པོ་རྣམས་ཀྱི་ཕར་གྱུ་རད་པ་སྟེ་དབང་ཕྱུག་གོ།། བྱེད་པ་པོའོ།། སྤྲུལྡ་པ་པོའོ།། འབྱིནད་པ་པོའོ།། འབྱིནད་བྱེད་དོ། དེ་ནི་རྟག་པའོ།། རྟ་ནད
77a4 པའོ།། ཐེར་ཟུག་པའོ།། རྣམ་པར་མྱི་རྒྱུ་བའི་ཆོས་ཅན་ནོ།། ཡང་བང་ཀུ་ཅག་ནི། ཚངས་པའི་དེས་སྤྲུལ་པའི་ཕྱིར་བདག་ཅག་ནི་མྱི་རྟག་པའོ།། མྱི་བརྟན་པའོ།། ཡིད་བརྟན་དུ་མྱི་རུང་བའོ།། རྣམ་པར་འགྱུར་བའི་ཆོས
77a5 ཅན་ནོ།། སྙམ་མོ།། དེ་ལྟར་ཁ་ཅིག་ནི་རྟག་ལ་ཁ་ཅིག་ནི་མྱི་རྟག་པ། སྟེ། ཅི་ལ་རྟེནད་ཅིང་། མི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་། ཁ་ཅིག་ནི་རྟག་པ་སྟེ། བདག་དང་འཇིག
77a6 རྟེ་ནད་ཁ་ཅིག་རྟག་ཀོ་ཞེས་མངོན་པར་སྨྲ་ཞིང་། མངོན་པར་བརྗོད་པ་འདི་ནི་བཞི་དང་པོའོ།། གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེ་ནད་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་སྟེ། སྔོན་གྱི་མཐཱ
77a7 ལ་རྟོག་ཅིང་། ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་འཇིག་རྟེན་ཁ་ཅིག་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ། ཚངས་པས་དེའི་ལྟ་བ་ནི་འདི་ལྟ་བུའོ།། སྨྲས་པ་འདི་ལྟ་བུས་འདི་སྐད་ཅེས་བརྗོད་པར
77a8 བྱས་སྟེ། ས་དང་ཆུ་དང་མྱེ་དང་རླུ་བདེ་ན་གྱི་རྟག་པ་མྱི་རྟེན་པ། ཡིད་བརྟན་ཏུ་མྱི་རུང་བ་རྣམས་འགྱུར་བའི་ཆོས་ཅན་ཡིན་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཤེས་བྱ་བ་འམ། ཡིད་ཅེས་བྱ་བའམ། རྣམ་པ
77a9 ཤེས་བྱ་བ་དེ་ནི། རྟག་པརྟན་པ། ཟེར་ཟུག་པ་རྣམ་པར་འགྱུར་བའི་ཆོས་ཅན་ནོ་མ་ཡིན་ནོ།། ཡང་སེམས་ཅན་འགའ་ཚེ་ཟད་ཅིང་། ལས་ཟད་ལ་བསོད་ནམས་ཟད་པ་ཞིག་གནས་ཏེ། དེ་ནས་ཤི་འཕོས་ནས།། འདིར་གྱི་རྨེ།




iiif viewer powered by OpenSeadragon

76b - 77b

Texts on this page

Ng22.30 - tshangs pa'i dra ba'i mdo