e-texts navigator
Collection
Volume
Page
Wylie

76a1 ཟབ་ལ་ཟབ་པར་སྣང་བ་ཡོངས་སུ་དག་པ། ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ།། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་ཀར
76a2 ཡང་དག་པ་ཇི་ལྟ་བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་དོ།། དགེ་སློང་དག་ཆོས་ཀང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ།། དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་ལ་གཅིག་སྔོན་གྱི་མཐའ
76a3 ལ་རྟོགས་ཅིང་ཁ་ཅིག་ནི་རྟག་པ་སྟེ། བདག་དང་འཇིག་རྟེནད་ཁ་ཅིག་རྟོག་གོ་ཞེས་མངོན་པར་སྨྲ་ཞིང་། མངོན་པར་བརྗོད་པ་ཡོད་པ་ནི། འདི་ལྟ་སྟེ་གཞི་གཞི་པོ་འདི་དག་ལའོ།། དགེ་སྦྱོང་དང་། བྲམ་ཟེ་ཤེས་ལྡན་དེ་དག་ཅིལ།
76a4 རྟེནད་ཅིང་། ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གྱི་མ་ཐའ་ལ་རྟོག་ཅིང་ཁ་གཅིག་ནི་རྟག་པ་སྟེ། བདག་དང་འཇིག་རྟེན་རྟག་ཀོ་ཞེས་བྱ་བར་མངོན་པར་སྨྲ་ཞིང་། མངོན་པར་བརྗོད་པ་ནི་འདི
76a5 སྟེ། བཞི་བཞི་པོ་དག་ལའོ།། དགེ་སློང་དག་གང་འཇིག་རྟེན་འདི་འཇིག་པའི་དུས་དུས་ལ་བབ་སྟེ། འཇིག་རྟེནད་འཇིག་པ་ན་སེ་མས་ཅན་ཕལ་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག།
76a6 དེར་ཡིད་ལས་བྱུང་ཞིང་། གཟུགས་ཅན་ཡིན་ལ་དབང་པོ་དམན་པ་མ་ཡིན་ཞིང་མ་ཚང་བ་མྱེད་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ཞིང་ཁ་དོག་མཛེས་པ་དང་། ལྡན་པ་རྣམས་རང་གི་མཐུས།། ནི་མཁའ
76a7 འགྲོ་ཞིང་དཀའ་བའི་ཟས་དང་ལྡན་ལ། དགའ་བོའི་ཟས་ཟ་བ་དག་ཚེ་རིང་བས་ཡུན་རིང་དུ་འཁོད་དོ།། དགེ་སློང་དག་ཀང་འཇིག་རྟེན་འདི་ཆགས་པའི་དུས་ལ་བབ་སྟེ། འཇིག་རྟེནད་ཆགས་པ་ན་ནམ་མཁའ་སྟོང་པ་ལ
76a8 ཚངས་པའི་གཞལ་མྱེད་ཁང་དག་མངོན་པར་གྲུབ་ལ། ཡར་འོད་གསལ་གྱི་ལྷའི་རིས་ཀྱི་སེམས་ཅན་འགའ་ཆེ་ཟད་རྫི་དས་བསོད་ནམས་ཟང་པོ་ཞག། ཤི་འཕོས་ནས་ཚུངས་པའི་ཞལ་བྱེད་ཁང་སྟོང་པར་སྐྱེ་སྟེ། དེ་དེ་ན་ཅི
76a9 པུ་ཟླ་མྱེད་ཅིང་གྲོགས་མྱེད་པར་ཚེ་རིང་བས་ཡུན་རིང་པོར་གནས་སོ།། དེ་ནས་སེམས་ཅན་དེ་ཡུན་རིང་པོ་ལས་འདས་པ་དང་། སྲེད་པ་སྐྱེད་ཅིང་མྱི་དཀའ་བར་གྱུར་ད་ཏེ། ཀྱེ་མ་བདག་དང་བསྐལ་པ་མཉམ་པའི་སེམས་ཅད




iiif viewer powered by OpenSeadragon

75b - 76b

Texts on this page

Ng22.30 - tshangs pa'i dra ba'i mdo