| e-texts navigator |
| Wylie |
75a1 བ་དང་། སྤོང་བའི་རྒྱ་སམ་བྱུང་བ་དང་། བསྒོམ་པའི་རྒྱུ་ལས་བྱུང་བ་དང་། ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་། ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་ཀྱིས། སེམས་ཞི་བའི་ཏི་ངེ་འཛིན་པ་དེས།
75a2 ལྟ་བུ་ལ་རེག་པར་བྱེད་དོ།། དེ་ལྟར་སེམས་མཉམ་པར་བཞག་པ་ན། འཇིག་པ་དང་ཆགས་པའི་བསྐལ་པ་ཕྲག་བཞི་བཅུ་ཡང་དག་པར་རྗེས་སུ་དྲན་ནོ།། དེ་འདི་སྙམ་དུ་སེམས་ཏེ། དེའི་ཕྱིར་བདག་དང་འཇིག་རྟེན་རྟག།
75a3 པ་དེས་ན། བདག་འདི་སྙམ་དུ་བདག་དགོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་གནས་ཀྱང་རུང་བ་ནས།། རྟག་པར་སྨྲ་བ་རྣམས། ཙཾ་ལ་རྟེནད་ཅིང་། ཅི་ལ་གནས་ནས། ཅི་ལ་གནས་བཅས
75a4 ཏེ།། སྔོན་གྱི་མཐའ་ལ་རྟག་ཅིང་། བདག་དང་འཇིག་རྟེན་རྟག་པའོ།། ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་གཉིས་པ་འོ་ཞེས་བྱ་བའི་བར་བྱ། སྔ་མ་བཞིན་ནོ།། སུམ་པ་ནི། དགེ་སྦྱོང་དང་།
75a5 བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས། ཅི་ལ་རྟེནད་ཅིང་། ཅི་ལ། གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་པ་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་།
75a6 མངོན་པར་བརྗོད་པ་སྟེ། དགེ་སློང་དག་འདི་ན་དགེ་སློང་དང་། བྲམ་ཟ་ཁ་ཅིག་ཅེས་བྱ་བ་ནས། སེམས་མཉམ་པར་གཞག་པ་ན། འཇིག་པོ་ན་ཆགས་པའི་བསྐལ་པ་ཕྲག་བརྒྱ་བཅུ་ཡང་དག་པར་རྗེས་སུ་དྲན་ནོ།།
75a7 ཞེས་བྱ་བའི་བར་དུ་སྔ་མ་བཞིན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ནས།། དེ་ལྟར་ན་སེམས་ཅན་ཤེས་ལྡན་འདི་དག་ནི་ཀུན་ཏུ་རྒྱུག་ཅིག་འཁོར་ལ། རྟག་པ་དེ་ལྟ་བུ་དང་།
75a8 པ་མྱེད་པའོ།། རྟག་པར་སྨྲ་བ་རྣམས་ཅི་ལ་རྟེནད་ཅིང་། ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིང་བདག་དཔའཇིག་རྟེན་རྟག་པའོ།། ཞེས་མངོན་པར་སྨྲ་ཞིང་། མངོན་པར་བརྗོད་པ་འདི་ནི
75a9 གསུམ་པའོ།། བཞི་པོ་ནི་དགེ་སྦྱོང་དང་། བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་རྣམས་ཀྱིལ་བརྟེན་ཅིང་ཅིལ་གནས་ནས། ཅིལ་གནས་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིག་བདག་དང་འཇིག་རྟེན་པ་རྟག་པའོ་ཞེས་མངོན་པ།