e-texts navigator
Collection
Volume
Page
Wylie

74a1 བར་བལྟ་བ་ནས་གཉིད་ཀྱིས་དུབ་པ་སེལང་པའི་བར་དུའང་ཤེས་བཞིན་དུ་གནས་པ་ཡིན་ནོ།། འཀེའུ་ཏ་མ་དེ་ནི་འདི་ལྟར་འབགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་། དབང་པོའི་སྒོ་བསྡམས་པ་འདི་དང་ལྡན་ས།
74a2 དྲན་པ་དཤེས་བཞིན་མཆོག་འདི་དང་ལྡན་པའི་ཕྱིར་མལ་བསྟན་བདེ་བ་ལ་གནས་པ་ནས། འདོད་པ་དག་ལས་དབེན་པ་སྡིག་པ་མྱི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ
74a3 དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ནས། གནས་པའི་བར་ཏེ། འདོད་པ་རྣམས་ལས་དབེན་པ་ནི་དེ་ལྟ་བུ་ཡིན་ནོ།། དགེ་སློང་དག་ཆོས་གང་དག་གཞན། ཟབ་པ་ཟབ་པར
74a4 སྣང་བ། ཡོངས་སུ་དག་པ། ཡོང་སུ་བྱང་བ། དེ་དག་ངས་རང་གི་མ་དྲོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པར་ཇི
74a5 ལྟ་བ་བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་དོ།། དགེ་སློང་དག། ཆོས་གང་དག་བཞིན་ཟབ་པ་ཟབ་པར་སྣང་བ། ཡོངས་སུ་ད།། ག་པ། ཡོངས་སུ་བྱང་བ། དེ་དག་ངས་རང་གི་མངོན་པར་ཤེས
74a6 ས། མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ་ཕ་རོལ་ད་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བ་ཞོ་ནི་བསྟནད་པ་སྨྲ་ཞིང་བརྗོད་པར་བྱེད་པ་གང་ཞེ་ན།། དགེ་སློང
74a7 དག། དགེ་སྦྱོང་དང་། བྲམ་ཟེ་ཁྭ་གཅིག། རྟག་པར་སྨྲ་བ་རྣམས། སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཤིང་མངོན་པར་བརྗོད་པ་ཡོད་པ་ནི། འདི་ལྟ་སྟེ་གཞི་གཞི་པོ་ད།
74a8 ལའོ།། དགེ་སྦྱོང་དང་། བྲམ་ཟེ་ཤེས་ལྡན་རྟག་པར་སྨྲ་བ་དེ་དག། ཇིལ་རྟེན་ཅིང་ཇི་ལ་གནས་ནས། ཅིལ་གནས་བཅས་ཏེ། སྔོན་གི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་ནི་རྟག་གོ།། ཞེས་མངོན་པར
74a9 སྨྲ་ཞིང་། མངོན་པར་བརྗོད་པ་ནི། འདི་ལྟ་སྟེ། བཞི་པོ་དག་ལའོ།། དགེ་སློང་དག་འོད་ན་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དཀོན་པ་ན་གནས་ཀྱང་རུང་། ཤིང་དྲུང་ན་གནས་ཀྱང་རུང་། ཁང་སྟོང་ན་ཀ་ནས་ཀྱང་རུང




iiif viewer powered by OpenSeadragon

73b - 74b

Texts on this page

Ng22.30 - tshangs pa'i dra ba'i mdo