e-texts navigator
Collection
Volume
Page
Wylie

73a1 སྙནད་པ་བརྗོད་ལ་ཆོས་དང་། དགེ་འདུན་ལ་ཡང་མྱི་སྙནད་པ་བརྗོད་ན་ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ་ལ། ཡང་དག་པར་མ་ཡིན་པ་ལ་ན་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ། འདི་ལྟར་དེ་ནི་ཡང་།།
73a2 དག་པ་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས། ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ།། ཞེས་ལན་གདབ་པར་བྱའོ།། དགེ་སློང་ལ་སྙནད་པ་བརྗོད་ལ།། ཆོས་དགེ་འདུན་ལ་ཡང་བསྙནད་པར་བརྗོད་པ་ན།། དགའ་བར་ཡང་མྱི་བྱ
73a3 འོ།། ཡིད་བདེ་བར་ཡང་མྱི་བྱའོ།། སེམས་ཡ་ཡ་བོར་ཡང་མྱི་བྱའོ།། དགེ་སློང་དག་ང་ལ་སྙནད་པ་བརྗོད་ལ།། ཆོས་དང་དགེ་འདུན་ལ་ཡང་སྙན་པ་བརྗོད་པ་ན། དཀའ་བ་འམ་ཡིད་བདེ་བ་འམ། སེམས་ཡ་ཡ་བོར་གྱུར།
73a4 ན་དེས་ན་ཁྱེད་ཀྱི་བར་དུ་གཅོད་པ་ཁོ་ནར་འགྱུར་བའི་ཕྱིར་རོ།། དགེ་སློང་དྲཀ་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དེ་རེ་ཤིག། དགའ་བར་གྱུར་པ་དང་། ཡིད་བདེ་བར་གྱུར་པ་དང་། སེམས་ཡ་ཡ་བོར་གྱུར་པས། གཞན་བརྗོད་པའི།
73a5 དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་འམ། མཐོང་བར་འགྱུར་བ་འདི་ནི། གནས་མྱེད་དོ།། དགེ་སློང་དག་དེའིཕྱིར་དཔལ་བསྟན་པ་བརྗོད་ལ།། ཆོས་དང་དགེ་འདུན་ལ་ཡང་བསྟན
73a6 པ་བརྗོད་པ་ན། ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ། ལ། ཡང་དག་པ་མ་ཡིན་པ་ལ་ནི་ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ་དེ་ལྟར་དེ་ནི་ཡང་དག་པ་མ་ཡིན་ཞིང་དེ་ཁོ་ནར་མ་ཡིན་པས། ངེད་ཀྱི་ཆོས
73a7 འདི་ལ་ནི། ཡོད་པ་མ་ཡིན་ནོ་ཞེས་ལྡན་གདབ་པར་བྱའོ།། དགེ་སློང་དག་ཀང་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མྱི་ལྡན་པ་དག། དེ་བཞིན་གཤེགས་པལ་སྙན་པ་ཅུང་ཟད་ཙམ་འདི་སྨྲ་ཞིང་། བརྗོད་པ་འདི་ལྟ་སྟེ། ཚུལ་ཁྲིམས
73a8 ཙམ་དང་འདོད་པ་དག་ལས་རབ་ཏུ་དབེན་པ་ཡིན་ནོ།། ཇི་ལྟར་ན་ཚུལ་ཁྲིམས་ཙམ་ཡིན་ཞེ་ན། འཀེའུ་ཏ་མ་ད་ནི་འཕེལ་བའི་ཚུལ་ཁྲིམས་ཅན་ཡིན་ལ།། ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅིང་ཇི་ལྟར་བྱེད་པ་དེ་བཞིན་སྨྲ་བ་ཡིནོ།།
73a9 འཀེའུ་ཏ་མ་དེ་ནི་འདི་ལྟར་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོགས་པ་སྟེ། སྲོག་ཆགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་ཞིང་། ངོ་ཚ་ཤེས་པ་དང་། དབྱུག་པ་སྤངས་ཞིང་མཚོན་ཆས།




iiif viewer powered by OpenSeadragon

72b - 73b

Texts on this page

Ng22.30 - tshangs pa'i dra ba'i mdo