e-texts navigator
Collection
Volume
Page
Wylie

72a1 སངས་རྒྱས་ལ་སྟནད་པ་བརྗོད་ལ།། ཆོས་དང་དགེ་འདུན་ལ་ཡང་སྙནང་བ་བརྗོད་པར་ཞིག། དེ་ལྟར་སློབ་དཔོན་དང་སློབ་མ་དེ་གཉིས་ལ་ཕན་ཚུན་ལྟ་བ་དང་།། མོས་པ་དང་། བྱེ་བྲག་ཕྱེད་པ་དང་། བཟོད
72a2 པ་དག་གིས་ཀྱི་མཐུན་པར་སྨྲ་ཞིང་།། དགེ་སློང་གི་དགེ་འདུན་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞབ་འབྲིང་དུ་དོང་ངོ་།། དེ་ནས་དགེ་སློང་མང་པོ་རྒྱལ་པོའི
72a3 གནས་ན་འདུས་ཤིང་འཁོད་པ་རྣམས་ན་རེ།། ཚེ་དང་ལྡན་པ་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་འདི་ལྟ་སྟེ། ཀུན་ཏུ་རྒྱུ་རབ་དཀའ། རྣམ་གྲངས་དུ་མའི་སྒོ་ནས།། སངས་རྒྱས་ལ་མྱི་སྙནད་པ་བརྗོད་ལ། ཆོས་དང
72a4 དགེ་འདུན་ལ་ཡང་མྱི་སྙནད་པ་བརྗོད་པ་དང་།། ཀུནད་ཏུ་རྒྱུ་རབ་ད་ཀའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི། རྣམ་གྲངས་དུ་མའི་སྒོ་ནས། སངས་རྒྱས་ལ་སྙན་ད་པ་བརྗོད་ལ།། ཆོས་དང་དགེའ
72a5 འདུན་ལ་ཡང་སྙནད་པ་བརྗོད་པ་ཞིག་སྟེ། དེ་ལྟར་སློབ་དཔོན་དང་། སློབ་མ་དེ་གཉིས་ཕན་ཚུན་ལྟ་བ་དང་། མོས་པ་དང་། བྱེ་བྲག། བྱེད་པ་དང་། བཟོད་པ་དག་ཀྱིས་མྱི་མཐུན་པར་སྨྲ་ཞིང་།། དགེ་སློང
72a6 ཀི་དགེ་འདུན་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞབ་འབྲིང་ཏུ་དོང་བ་འདི་ནི་ངོ་མཚར་རབ་ཏུ་ཆེའོ་ཞེས།། བསྐབས་ཀྱི་གཏམ་དེ་ལྟ་བུ་དག་ཡང་དག་པར
72a7 བརྗོད་པར་གྱུར་།། དེ་ནས་ཡང་དགེ་སློང་མང་པོ་དག་རྒྱལ་པོའི་གནས་ན། འདུས་ཤིང་འཁོད་པ་རྣམས་ཀྱི་སྐབས་ཀྱི་གཏམ་དུས་ལ་བབ་དག། བཅོམ་ལྡན་འདས་ཉིན་མོའི་གནས་ན་བཞུགས་བཞུགས་པའི་ལྷའི་སྙན
72a8 རྣམ་པར་དག་པའི་མྱིའི་ལས་འདས་པས་བས་ནད་པར་གྱུར་ཏོ།། བས་ན་དེ་ནས་ཀྱང་ཏིང་ངེ་འཛིནད་དེ་ལས་བཞེངས་ནས།། རྒྱལ་པོའི་གནས་ཀ་ལ་དེར་གཤེགས་ཏེ།། བྱོ་ནད་ནས་དགེ་སློང་གི་དགེ་འདུན་གྱི་མདུན་ན
72a9 བསྟན་བཏིང་བ་ཉིད་ལ་བཞུགས་སོ།། བཞུགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག་ཁྱེད་རྒྱལ་པོའི་གནས་སུ་དགེ་སློང་མང་པོ་རྣམས་འདུས་ཤིང་།། འཁོད་པ་རྣམས་ཀྱི་སྐབས་ཀྱི།




iiif viewer powered by OpenSeadragon

71b - 72b

Texts on this page

Ng22.30 - tshangs pa'i dra ba'i mdo