| e-texts navigator |
| Wylie |
69b1 ཀར་གྱིས་པ་རང་པར་འགྲོ་བར་བགྱིད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བཏོང་བས་ཡང་ཞེས་འཕེལ་བར་འགྱུར།། བྱམས་པས་དགྲ་རྣམས་ཞི་བར་བྱེད།། ཚུལ་ཁྲིམས་ཀྱིས་ནི་མཐོལ་རིས་ལོག།། ཤེས་རབ་ཐར་།
69b2 པས་འགྲོ་བར་འགྱུར།། ལྷས་གསོལ་པ། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། ཤིན་ཏུ་སྒྲིམ་པ་བགྱིས་གྱུར་ཀྱང་།། སྐྱེས་པ་འམ་བུད་མྱེད་ཀང་བྱ་ཡང་རུང་།། དབྲོག་པར་མྱི་ཚུགས་ཅི་ཞིག་ལགས།། བཅོམ་ལྡན་འདས་ཀྱིས
69b3 བཀའ་ཨ་ཨད་པ།། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། ཤིནང་ཏུ་བསྒྲིམ་པ་བགྱིས་གྱུར་དཀྱང་།། སྐྱེས་པ་འམ་བུད་མྱེད་ཀང་གི་ཡང་རུང་།། དབྲོག་པར་མྱི་ཚུགས་ཚུལ་ཁྲིམས་སོ།། ལྷས་གསོལྡ་པ།། འཇིག་རྟེན་འདི་ནི།
69b4 གིས་འཆིང་།། ཀར་གྱིས་འཇིག་རྟེན་རྣམ་པར་འགྲོལ།། གང་ཞིག། རྣམ་པར་སྤངས་པས་ན།། མྱ་ངན་འདས་ཤེས་བགྱི་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། འདོད་པས་འཇིག་རྟེན་འཆིང་བར
69b5 བྱེད།། འདོད་པ་མྱེད་པས་རྣམ་པར་འགྲོལ།། ཕྲེང་པ་རྣམ་པར་སྭ། ངེས་པས་ན།། མྱ་ངན་འདས་ཤེས་བརྗོད་པ་ཡིན།། ལྷས་གསོ། སད་པ།། རླུང་མར་གྱིས་ཀྱང་ཀྱི་ཤིགས་ཤིང་།། ཞུགས་ཀྱིས་རྒྱ་ཆེ
69b6 དེ་ཅི་ལགས།། དོག་ས་ལྷམ་པར་བགྱིད་པའི།། ཆབ་ཀྱིས་མྱི་འདྲུལ་ཅི་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རླུང་མར་གྱིས་ཀྱང་མྱ་ཤིགས་ཤིང་།། མྱེས་ཀྱང་མྱི་ཚིག་བསོད་ནམས་ཡིན།
69b7 ས་རྣམས་ཁེབས་པར་བྱེད་པའི།། ཆུས་ཀྱང་མྱི་འདྲུལ་བསོད་ནམས་སོ།། ལྷས་གསོལ་པ།། སུ་ཞིག་ཤི་ནད་ཏུ་བསླུས་གྱུར་ནས།། འཇིག་རྟེན་འདི་ནས་ཕ་རོལ་མཆིས།། ད་རུང་བདག་གི་དོགས་པ་འདི།། ཁྱོད་ཀྱིས
69b8 བསལ་བར་མཛད་པའི་རིགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གར་གྱིས་སོངས་སྤྱོད་ཡོད་བཞིན་དུ།། བསོད་ནམས་བསགས་པ་མ་བྱས་པ།། དེ་ནི་གནད་ཏུ་བསླུས་གྱུར་དུ་ནས།། འཇིག་རྟེན་འདི་ནས་པའོ།
69b9 སོང།། སྦས་གསོས་པ།། འཇིགས་པ་ཀུན་ལས་འདས་གྱུར་ཅིང་།། རྒལ་བ་འཇིག་རྟེན་མཐུལ་ལྡན་པའི།། བྲམ་ཟེ་མྱ་ངན་ཡོངས་འདས་པར།། ཀྱེ་མ་བདག་ཀྱིས་རིང་ནས་མཐོང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བ།