e-texts navigator
Collection
Volume
Page
Wylie

62a1 ཨ། བ་དང་། སེང་གེ་ག་བུར་ག་ཟིམས་པའི། གནས་དེ་ལ་ནི་བདག་ཕྱག་འཚལ། ཀེང་དང་འོག་དང་བར་དག་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། བསྲུམ་བཅས་སྐུ་ནི་བྱེད་པའི།། མཆོད་རྟེམ་པན
62a2 བདག་ཕྱག་འཚལ།། རྐང་གཉིས་དམ་པ་ཤར་དང་ནི། བྱད་ཀྱི་ཕྱོགས་ཆར་བཞུགས་པོའི།། རྒྱལ་བ་སྟེན་དཀའ་ཞེས་བྱ་བ། དེས་ན་ཚིག་བཤད་འདི་གསུངས་སོ།། ཀར་ཀྱིས་བཅད་འདི་བཞི་ཡིས།། དེ་བཞིན་གཤེགས་ལ་སྟོད
62a3 བྱེད་ན། བསྐལ་པ་བྱེ་བ་སྟོང་དུ་ནི། དེ་ནི་ངན་འགྲོར་འགྲོ་གྱི་འགྱུར།། ཚིགས་སུ་བཅད་པ་བཞིན་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨ་སྱ། བོད་སྐད་དུ། འཕགས་པ་བདེན་པ་བཞིའོ་མདོལ།། སངས
62a4 རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དམར་བུ་ཅན་གི་གྲོ་དང་རྒྱལ་པོ་ཁབ་ཀྱི་བར་གྱི་དབུས་ན། རྒྱལ་པོའི་གནས་འོད་མོའི
62a5 དབྱུག་པ་ཅན་ན་ནུབ་མོ་ཉེ་བར་བརྟེན་ཅིང་། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཀཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་པ་དང་ཁྱེད་ཅག།
62a6 ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དག་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུ་ར་ཏོ།། བཞི་པོ་དེ་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས། སྡུག་བསྔལ
62a7 འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།། པ་དང་ཁྱེད་ཅཀ་ཁོ་ནས་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་མ་ཤེས་མ་མཐོ་ཁོང་དུ་ཆུང
62a8 སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུ་རང་ཏོ།། བ་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པའི་བདེན་པ་མ་ཤེས། མ་མཐོང་། ཁོང་དུ་མ་ཆུང་། སོ་སོར་མ་རྟོགས་པས་ལམ་རིང་པོར་འདིར་རྒྱུག་ཅིང་།
62a9 འཁོར་བར་གྱུར་ཏོ།། པད་ང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་། ཁོང་དུ་མ་ཆུང་། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ།།




iiif viewer powered by OpenSeadragon

61b - 62b

Texts on this page

Ng22.21 - tshigs su bcad pa bzhi ba
Ng22.22 - 'phags pa bden pa bzhi'i mdo