| e-texts navigator |
| Wylie |
60a1 བའི་རྩ་བ་ཆུང་ངུ་བྱས་པ་དག་ལ་འབྲས་བུ་དང་ཕན་ཡོན་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་ཏུ་འཕོ་བ་དགས་ཀྱི་སྐྲག་ཅིང་འཇིགས་པ་མྱེད་པའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མྱི་རྟག་པའི་འདུ་ཤེས་དང་།
60a2 ཆོས་ཐམས་ཅད་ལ་བདག་མྱེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་མི་བདེ་བ་དང་ཞི་བའོ།། སྙམ་པ་མངོན་དུ་དྲན་པར་བྱའོ།། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ། བཅོམ
60a3 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འདུ་ཤེས་བརྒྱ་བསྟན་པའི་མདོའ་རྫོགས་སྷོ།། །། ། རྒྱ་གར་སྐད་དུ། ཨ་རྱ་ཙ་ཏུར་བ་མ་ནིར་ཏེ་ཤན་ན་མ་མ་ག་ཡ་ན་སུ་ཏྲ།། བོད་སྐད་དུ
60a4 འཕགས་པ་ཆོས་བཞི་བསྟནད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ
60a5 བཅུ་རྩ་གསུམ་ལྷའི་ནང་ན་ལྒའི་འདུན་ས་ཆོས་བའངས་མ། དགེ་སློང་ལྔ་བརྒྱ་ཕམ་པའི་དགེ་སློང་ཀྱི་དགེ་འདུན་ཆེན་པོ་དང་། བྱམས་པ་དཔའཇམ་དཔལ་ལ་སྩོགས་པ། བྱང་ཆུབ་སེམས་དཔའ་སེམས་ད
60a6 ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ
60a7 ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསྩགས་པ་ཟིལྡ་ཀྱིས་གནོདད་པར་འགྱུར་རོ།། བཞི་གང་ཞེ་ན་འདི་ལྟ་སྟེ་རྣམ་པར་སུན་འབྱིནད་པ་ཀུན་ཏུ་སྤྱོད་པའི་སྟོབས་དང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་ཉེས་པ་ལས་ཟློག་པའི
60a8 སྟོབས་དང་། རྟེན་གྱི་སྟོབས་སོ།། དེ་ལ་རྣམ་པར་སུན་འབྱིནད་པ་ཀུན་ཏུ་སྤྱོད་པ་ནི། གྱི་དགེ་བའི་ལས་སྤྱོད་ན། དེ་ལ་འགྱོད་པ་མང་བ་ཡིན་ནོ།། དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི། དགེལ་བའི་ལས་ལ་ཤིན་ཏུ་བརྩོན་པའོ།། དེ་ལ་ཉེས་པ
60a9 བཟློག་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་པས་མྱི་བྱེད་པའི་སྡོམ་པ་ཐོབ་པའོ།། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེའ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མྱི་གཏོང་བ་སྟེ་དེ་སྟོབས་དང་ལྡན