| e-texts navigator |
| Wylie |
5a1 ཀྱང་ཡོད། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། དུད་འགྲོར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ཡི་དགས་སུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད།། མྱིའི་འཇིག་རྟེན་དུ་སྐྱེ་བར་འགྱུར།།
5a2 བའི་ལས་ཀྱང་ཡོད། འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་མྱེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ངེས་པར
5a3 སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། སྐྱེ་བར་འགྱུར་བ་མ་ངེས་པའི་ལས་ཀྱང་ཡོད།། ཡུལ་གཞན་དུན་རྣམ་པར་སྦྱིནད་པར་འགྱུར་བའི་ལས་ཀྱང་ཡོད།། བྱས་ལ་བསྔགས་པ་མ་ཡིན་པའི་ལས་ཀྱང་ཡོད། བཅགས་ལ་མ
5a4 བྱས་པའི་ལས་ཀྱང་ཡོད། བྱས་ལ་བསྩགས་པའི་ལས་ཀྱང་ཡོད། མ་བྱས་ལ་མ་བསཆགས་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ནུ། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སྟེ། སེམས་ཅན་དམྱལ
5a5 པའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་ཤི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་ར། མྱལ་བ་རྣམས་སུ་སྐྱེས་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད
5a6 པར་བྱས་ནས་འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར
5a7 གྱུརྡ་ཡ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་བག་སྡུག་བསྔལ་བར་གྱུར་ད་ས། ཕྱེས་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་བག་སྔར་ཡང་བདེ་བར་འགྱུར
5a8 ལ། བྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྡུག་བསྔལ་བར་འགྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད། ལས་ཀ་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ད་ལ
5a9 གཏོང་བ་པ་དང་ལྡན་པོའི་སས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ད་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ད་ལ། གཏོང་བ་དང་ལྡན་པའི་ལས།