| e-texts navigator |
| Wylie |
59b1 བསྐྱེད་པར་བྱའོ།། སྐད་སྙནད་པར་འདོད་པས་འདེས་པར་སྨྲ་བར་བྱའོ།། ཡོན་ཏན་འདོད་པས་དགེའ་བའི་གཤེས་གཉེན་དག་ལ་བསྙེནད་པར་བྱའོ།། གི་ནས་འདོད་པས་འདུ་འདི་མྱེད་པ་ཡི་དུ་བྱའོ།། ལྷག་མཐོང་འདོད་པས་ཆོས་སྟོབ་པར་སོ།།
59b2 སོར་བརྟག་པ་མང་བྱ་བྱའོ།། ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་། སྙིང་རྗེ་དང་། དཀའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ།། ལྷ་དང་། མྱི་ཕུན་གསུམ་ཚོགས་པ་འདོད་པས། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས
59b3 ཏེ་གནས་པར་བྱའོ།། ཡོངས་སུ་མྱ་ངན་ལས་འདས་པ་འདོད་པས་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ།། ཡོན་ཏན་ཐམས་ཅད་འཐོབ་པར་འདོད་པས། དཀོན་མཆོག་གསུམ་ལ་མཆོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
59b4 བཀའལ་སྩ་ས་ནས། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཚེ་གྲོས་དང་། བམས་ཐདུ་དང་ལྡན་པའི་འཁོར་དེ་དག་དང་། སྭཱ་དང་། མྱི་དང་། སྣ་མ་ཡིན་དང་། དྲི་ལམ་བཅས་པའི་འཇིག་རྟེན་ཡིད་མས་ཏེ།། བཅོམ་ལྡན་འདས་ཀྱིས་གསུ
59b5 པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་རྒྱལ་པོའི་བློ་གྲོབ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྫོགས་སྔོ། @།། རྒྱུ་ག་སྐད་དུ། དག་སང་རི་ནི་མེ་ཤྭ་སུ་ཏྲ།། བོད་སྐད་དྷུ།
59b6 གིས་བརྒྱ་བསྟུན་པའི་མདོད།། སངས་རྒྱས་དང་བྱང་ཆུབ་སེམས་མས་ཅད་མ་ཅན་འཆས་སོ།། འདི་སྐད་བདག་གིས་ཐོས་པ་གཅིག་ན། བཅོམ་ལྡན་འདས་དྲུ་གའི་གྲོང་ཁྱེར་ཀྱད་ཀྱི་ཉིན་འམམ་ནི་།
59b7 ས་ལ་ཟུང་ཀྱི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པོའི་ཆུས་ཀྱི་ཆེ།། བཅོག་ལྡན་འདས་ཀྱིས་དགེ་སློང་རྣམས་ས་བཀའ་སྩལ་པ། དགེ་སློང་དག་འཆི་ཀའི་དུས་ཀྱི་ཚེ། འདུ་ཤེས་བཅཝ་མངོན་དུ་བསྒོམ
59b8 པར་བྱའོ།། བཅུག་པ་ཞེ་ན། འདིའི་སྤྱོད་ཡུལ་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅད་ཐམས་ཅད་ལ་སྙིམ་རྗེ་དང་། བྱམས་པའི་འདུ་ཤེས་དང་། འཁོན་བུ་འཛིནད་པ་ཐམས་ཅད་ཡོངས་སུ་འདོར་ཞི་སྤངས་ཐའི
59b9 འདུ་ཤེས་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་བཤགས་ཤིང་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འདུ་ཤེས་དང་། བདག་དང་གཞན་གྱིས་ཉེས་པ་ཆེན་པོ་བྱས་པ་དག་ལ་སྤ་པའི་འདུ་ཤེས་དང་། བདག་དང་གཞན་གྱི་ངོས