| e-texts navigator |
| Wylie |
59a1 ཤིག། ཕུང་པོ་འདི་ལ་ཆགས་པ་གང་ཡིན་པ། སྡུག་བསྔལ་འདི་བརྒྱད་དང་དུ་ལེནད་པ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། དགེའ་སློང་རྣམས་ཀྱིས་སླར་ཞུས་པ། བཅོམ་ལྡན་འདས་སྡུག
59a2 བསྔལ་འདི་བརྒྱད་ལས་ཇི་ལྟར་བགྱིས་ན་ཐ་རད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དགེ་སློང་དག། སྡུག་བསྔལ་དགྲ་རུ་མཐོང་ནས་སྐྱོན་རྣམས་སྤོངས། སྲུང་བའི་ཚུལ་ཁྲིམས་དག་ཅིང་གཙང་བར་གིས།།
59a3 གསུང་རབ་མཐོང་པ་རྒྱ་ཆེ་བར་མ་ཆད།། སྡིག་པ་བྱད་པར་འདོད་ན་མོད་ལ་ཐོལ་བཤགས་ཀྱིས།། འོན་ཀྱང་བླ་མྱེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་དེ་ནས། དགེའ་སློང་དག་ཡི་རངས
59a4 སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྡུག་བསྔལ་བརྒྱད་སྤྱོད་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོལ།། རྫོགས་སྷོ།།
59a5 །། རྒྱ་གར་སྐད་དུ། ཨ་རྱ་ཛཱ་ཡཱ་མར་ཏིར་ན་མ་མ་ཧཱ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
59a6 ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཁྲོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་གི་ལ་འགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གྱི་དགེ་འདུན
59a7 ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་ལས་དེ
59a8 བཞིན་གཤེགས་པའི་མཆོད་པར་བྱའོ།། ཤེས་རབ་འདོད་པས་མཉན་པ་ལ་བརྩོན་པར་བྱའོ།། ལོངས་སྤྱོད་འདོད་པས་གདོང་བ་སྤེལ་བར་བྱའོ།། གཟུགས་བཟང་པོར་འདོད་པས་བཟོད་པ་བསྒོམ་པར་བྱའོ།། སྤོབས་པ་འདོ།
59a9 པས་བླ་མ་ལ་གུས་པར་བྱའོ།། གཟུངས་འདོད་པས་མངོན་པའི་ང་རྒྱལ་མྱེད་པར་བྱའོ།། བདེལ་ལ་འདོད་པས་སྡིག་པ་ཐམས་ཅད་ཡོངས་སུ་སྦྱང་བར་བྱའོ།། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེས