| e-texts navigator |
| Wylie |
57a1 ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྡོང་།། དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་སྐྱེད་པའི་ཀཞི།། ཇི་ལྟར་བུམ་ཆག་རིན་ཆེན་སྣོད་ཀྱི་རུང་།། དེ་བཞིན་ཚུལ་ཁྲིམས་རལ་ན་ཆོས་ཀུན་གཏུགས།། དང་པོ་ཚུལ
57a2 ཁྲིམས་མ་ཐོབ་གྱུར་པ་དེས།། ཕྱིརང་ཆད་མྱ་ངན་ལས་འདས་པ་ཐོབ་སྙམ་འམ།། སཱ་དཔ་ན་རྡུམ་ལས་སྩོགས་ཀང་ཡིན་པ། དེ་ལ་མྱེ་ལོང་དག་མི་དགོས་མྱི་འགྱུར།། ན་བར་མ་ཐོས་མྱིག་སྔར་མ་མཐོང་དེས།། བསྟན
57a3 བསྲུང་མྱི་དེ་མཐོའ་རིས་འགྲོ་བར་འགྱུར།། ཟོས་མར་ཐོས་ལྡན་ཐོས་སྲུང་མཐོའ་རིས་ཉིད།། བུད་མྱེད་བསྟེནད་ཏུ་ག་ལ་རུང་།། རྒྱལ་པོའི་ཕོ་བྲང་ཀ་ལ་རྒ།། དབུའ་བ་སྙིང་པོ་ཀ་ལ་ཡོད།། ལོངས་སྤྱོད་རྟག་པ་ཀ
57a4 ལ་ཡིན།། བུད་མྱེད་དག་ལ་རུང་བ་མྱེད།། རྒྱལ་སྲིད་དག་ལ་དགལ་བ་མྱེད།། དབུའ་བ་དག་ལ་སྙིང་པོ་མྱེད།། ལོངས་སྤྱོད་དག་ལུ་རྟག་པ་མྱེད།། ལོངས་སྤྱོད་དག་ནི་འབབ་ཆུ་བཞིན།། ཀླུ་ཅི་འདྲ་བ
57a5 ཁྱིམ་དེ་བཞིན།། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན།། སྲོག་ནི་ཆུ་འི་ཆུ་བུར་འདྲལ་བ་ཡིན།། ། བཅོམ་ལྡན་འདས། ཀྱིས་དེ་སྐད་ཅེས་བཀའ་སྩལ་ད་ནས། དགེའ་སློང་དེ་དག་ཡི་རངས་ཏེ།
57a6 བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་བསྟོད་དོ།། ། ཚུལ་ཁྲིམས་ཡང་དག་པར་ལྡན་པ་ཞེས་བྱ་བའི་མདོལ་རྫོགས་སོ།། །། རྒྱ་གར་སྐད་དུ། མ་རྱ་མ་ཏ་ག་ཉལ་མམ
57a7 མ།། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན
57a8 བཅོམ་ལྡན་འདས་འོག་མྱིན་ལྷའི་རྒྱལ་པོ་ཁ་བཟངས་ན། འཁོར་ཐམས་ཅད་ས་ཆོས་སྟོནད་ཅིང་བཞུགས་པ་ལ། བྱང་ཆུབ་སེམས་དཔའ་ནམ་ཁའི་སྙིང་པོས་ཕྱག་འཚལ་ཏེ།། འདི་སྐད་ཅེས་གསོས་ཏོ།། བཅོམ་ལྡན་།
57a9 བྱང་ཆུབ་སེམས་དཔའ་ནམ་འཆི་ཀི་མ། སེམས་ཅི་ལྟར་བལྟ་བར་བཀྱིལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནམ་མཁའི་སྙིང་པོ། ནམ་འཆི་བའི་དུས་ཀྱི་ཚེ།། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ།། དེ་ལ