| e-texts navigator |
| Wylie |
56b1 རྒྱལ་ཁྲིམས་ཡང་དག་པར་ལྡན་པ་ཞེས་བྱ་བའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅ་ས་ཕྱག་འཚལ་ལོ།། འདི་སྐད་བངག་གིས་པ་ཅུས་གཅིག་མ། བཅོམ་ལྡན་འདས་མཉནང་ཅུ་ཡོད་པ་མ། རྒྱལ་བུ་རྒྱལ་བྱེད།
56b2 ཀྱི་ཚལ།། མགོན་མྱེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་བྱེ་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།
56b3 དགེ་སློང་དག་ཤེས་པ་མི་འགྲིབས། སྲོག་ནི་ཟང་། ཚེའི་འདུ་བྱེད་ནི། ངེས་པར་འཇོམས་པར་འགྱུར་མ། ཅིའི་ཕྱིར་ན་བརྩོམ་འགྲུས་དང་འཏུལ་བ་བརྟག་པོས་བསྒྲུབ་པར་མྱི་བྱེད།། མྱིའི་ལུས་ནི་ག་ནད་ཏུ་རྙེད་པར་དཀའ་སྟེ། དེ་ཅོག
56b4 ནས་དེས་རྐེད་པའི་རྒྱལ་བའི་བསྟནད་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ན། བུ་རང་བའི་དོན་དང་གྱི་མཐུན་པ་དག་གིས་བསླུས་ཏེ།། སྡུག་བསྔལ་བྲམ་གྱུ་རད་ཏ་རེ་ཞེས། སྲོག་དང་བྲལ་ཞིང་ཤི་བ་ནི་ཐའི། ཚུལ་ཁྲིམས་ལ།
56b5 ཞིང་ཞིག་པ་ནི་དེ་ལྟ་མ་ཡིན་ཏེ།། དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ། བ་ནི་དེ་ཉིད་ཀྱི་སྐྱེ་བ་ཞིག་པར་ཟད་གི། ཚུལ་ཁྲིམས་ཉམས་པ་ནི་པ་འབུམ་ཟག་བརྒྱའི་བར་དུ། རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་ནཾ
56b6 པར་ལྟུང་ཞིང་ཉམས་པར་འགྱུར་རོ།། དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་སྔགས་བཤད། ཚུལ་ཁྲིམས་བསྲུངས་པས་སངས་རྒྱས་འབྱུང་འབྲད།། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག།། ཚུལ་ཁྲིས།
56b7 ལྡན་པ་སྲི་ད་བྱུག་པ་ཡིན།། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་ཀྱི་གནས།། ནུས་ཁྲིམས་གདུང་བ་སེསད་པ་བསིལ་བའི་མུ།། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུནད་ཀྱིས་བསྟོད།། ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ།
56b8 རྣམས།། ཇི་ལྟར་སྤྲུལ་གཙུག་ཀླུ་ཆེན་ནག་པོ་ཡང་།། ཚུལ་ཁྲིམས་ཅན་ལ་གནོད་མྱིན་གཞན་ནི་སྨོས།། ཚུལ་ཁྲིམས་ཅན་གི་དགེ་སློང་འོད་དང་ལྡན།། ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། ཚུལ་ཁྲིམས་ལྡན་པ
56b9 མཐོའ་རིས་འགྲོ་བའི་རྒྱ།། ཇི་ལྟར་གྱིག་བྱེད་གཟུགས་མཐོང་གྱི་རུ་ལྟར།། དེ་བཞིན་ཚུལ་ཁྲིམས་མྱེད་པས་ཆོས་མྱི་མཐོང་། ཇི་ལྟར་རྐང་བྱེད་ལམ་འཇུག་ཀ་ལ་ནུས།། དེ་བཞིན་ཚུལ་ཁྲིམས་བྱེད་པ་ཐར་གྱི་ནུས།།