e-texts navigator
Collection
Volume
Page
Wylie

56a1 རྒྱ་གར་སྐད་དུ། ཙན་ཏྲ་སུ་ཏྲ།། བོད་སྐད་དུ། ཟླ་བའི་མདོལ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན།
56a2 འགྲོ་བ་པོ་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་སྨ་ཀཅན་གྱིས། ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་གྱུར་ད་ཏེ།། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ལྷ་གང་ཡིན་པ་དེ་སྐྲག
56a3 ཅིང་སྔངས་ལ་མྱི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ་ཕྱིནད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་འཁོས་ཕྱག་འཚལ་ཏེ།། ཕྱོགས་ཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འདུག་ནས།
56a4 ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པ་རབ་ཀྲོལ་བའི།། སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ།། གནོད་པ་དག་དང་འཕྲད་འགྱུར་བ།། བདག་གི་སྐྱབས་ནི་མཛད་པར
56a5 གསོལང་།། འཇིག་རྟེན་དགྲ་བཅོམ་བདེའ་གཤེགས་ལ།། ཟླ་བ་སྐྱབས་སུ་མཆིའི་ལགས་ཀྱིས།། སངས་རྒྱས་འཇིག་རྟེན་ཐུག། ས་རྩེ་རྣམས།། ཟླ་བ་ཐར་མཛོད་སྨ་གཅན་ལ།། བཅོམ་ལྡན་འདས
56a6 ཀྱིས་བཀའ་སྩལ་པ།། སྨ་ཀ་ཅན་ཟླ་བ་མུན་སེལ་པ།། ནམ་མཁའ་དག་ལ་འོད་བྱེད་ཅིང་།། ལྷམ་མེར་འདུག་ལ་དཀར་བ་དང་།། རྣམ་པར་དག་པའི་འོད་ལྡན་པ།། བར་སྣང་དག་ལས་མ་བཟུང་བར།། སྐྱེ་དགུའི་སྒྲོན།
56a7 དེ་མྱུར་དུ་ཐོང་།། དེ་ནས་རིངས་བཞིན་སྒྲ་གཅན་དེ།། ལུས་ཀྱང་རྡུལ་ཞིང་སྐྲག་འགྱུམ་ལ།། ནད་པ་བཞིན་དུ་བཏབ་པ་ཡིས།། རིངས་པར་ཟླ་བ་གཏོང་བར་བྱེད།། སྨ་གཅན་འཛིནད་ཀྱིས་སྤྲས་པ།། སངས་རྒྱས་ཚིགས་བཅང
56a8 འདི་བརྗོད་ནས།། གས་ཏེ་ཟླ་བ་མ་བཏ་ན།། བདག་གི་འགོལ་པོ་ཚལ་བདུན་འགས།། གསོན་ཡང་བདེལ་བར་མྱི་འགྱུར་རོ།། རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ།། ། ཀྱེ་མ་བདེལ་བ་གཟིགས་པའི།
56a9 སངས་རྒྱས་རྣམས་ནི་འབྱུང་བ་རྨང་།། དེ་དག་གིས་ནི་ཚིགས་སུ་བཅད་།། བརྗོད་ན་སྨ་ཀཅན་ཟླ་བ་གཏོང་།། ། ཟླ་བའི་མདོའི་རྫོགས་སྷོ།། ། རྒྱ་ཀར་སྐད་དུ། ཤི་ལ་སྭ་ག་ཤ་ཏ་ཀ་སུ་ཏྲ།། བོད་སྐད་དུ།།




iiif viewer powered by OpenSeadragon

55b - 56b

Texts on this page

Ng22.11 - zla ba'i mdo
Ng22.12 - tshul khrims yang dag par ldan pa'i mdo