e-texts navigator
Collection
Volume
Page
Wylie

3b1 ཡོད་པཱ་ང་ལ་མ་བསྟན་པ་དེ་སྟོན་ཅིག་ཅེས་སྨྲོས་ཤིག་དང་། སྟོན་པར་འགྱུར་རོ།། དེ་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་རང་གི་ཁྱིམ་ག་ལ་བ
3b2 དེར་སོང་སྟེ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱཽ་དུང་ཁྱོད་ཚེ་སྔ་མ་ལ་ངའི་པ་ཏོའུ་དེ་ཡར་གྱུར་པ་ལྷ་ནཾ། རས་ཀོ་ནཱི་ཀ་བཏིང་བའི་ཁྲི་ལ་འདུག་ཤིག། ཁྲི་ལ་འདུག་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱཽ
3b3 དུང་ཁྱོད་ཆེ་སྔ་མ་ལཾ་ངའི་ཕ་ཏོའུ་དེ་ཡར་གྱུར་པ་ལྷ་ན། ཁར་གཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཆན་དང་། ཤ་བསྲེས་པའི་ཁྲུད་མ་འཐུང་ཤིག། འཐུང་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱེ་དུང་ཁྱོད་ཆེ་སྔ་མ་ལ་ངའི་པ་ཏོའུ་དེ།
3b4 ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ་བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག། དེ་ནས་ཁྱེ་དུང་རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། གནས་ཁྱིམ་སྙིང་པ་ཞིག་ཡོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཁྲིའི
3b5 རྐང་པ་བཞིའི་གནས་སུ་རྐ་ལག་སྡེར་མོས་འབྲུའོ།། དབུས་སུ་ནཾ་སཱའདས་སྣོམ་མོ།། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེས། དེ་ནས། དེ། གསེར་དངུལ་རྡུངས་མ་དང་། སིལ་མ་ལྕགས་ཟངས་བཞི་དང་།
3b6 དབུས་ནས། གསེར་གྱི་མཁར་བ་དང་། རིལ་བ་རྙེད་།། དེ་ནས་ཏོའུ་དེ་ཡའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོས། ག་སྟེར་དེ་སྦས་ནས། དགའ་མགུ་ཞིང་། རབ་ཏུ་དགའ་སྟེ། ཡ
3b7 རངས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། མཉན་ཡོང་ནས། བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། དེའི་ཚེ་བཅོམ་ལྡན་འདས། དགེ་སློང་གི་འཁོར་བརྒྱ་ཕྲག
3b8 དུ་མའི་མདུན་ན། ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས། ཏོའུ་ཡའི་བུ་བྲམ་ཟེའི་བུ། ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས། འོང་བ་གཟིགས་སོ།། གཟིགས་ནས
3b9 ཀྱང་། དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ཁྱེད་ཀྱིས། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ། རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟར་ལགས་སྷོ།། གལ་ཏེ་ཏོའུ་དེ་ཡའི་བུ་བྲན་ཀྱོ་རྨྱིའུ་ན




iiif viewer powered by OpenSeadragon

3a - 4a

Texts on this page

Ng22.1 - las rnam par 'byed pa