e-texts navigator
Collection
Volume
Page
Wylie

318a1 ཚེ་རབས་བརྒྱར་དམྱལ་བར་ལུང་སྟེ། ལྕགས་ཀྱི་ཐུ་ལུམ་དཔ་པོ་མཆན་ཁུར་གཡོན་པ་ནས་ཐལ་ཏེ། མཚམ་ཁུང་གཡས་པར་ཐལ་ལོ།། ལྷག་མ་མྱི་བཀུར་བར་བྱོས་ཤིག།། ཆུང་ངུ་ན་ཁྲེའུ་འབྲུ་ཙམ་ཞིག་ཁྱེར།
318a2 ན། ལྕགས་ཀྱི་འཁོར་ལོ་ཙམ་དུ་འགྱུར་རོ།། དེ་དགེ་སྙེན་གང་ཡང་རུང་སྟེ། བསོད་ནམས་ཀྱི་ཟས་སྦྱོར་རོ་ཅོག་ལ་ཐོག་མ་ནས། མྱང་བའི་བག་མྱི་བྱའོ།། དེ་མྱངས་པས་སྦྱར་བ་ཐམས་ཅད་ལྷག་མའི་སྤགས་པར་འགྱུར
318a3 ཏེ། བྱས་པ་དོན་བྱེད་པར་འགྱུར་རོ།། ཉིས་ན་མ་བྱས་པ་བླའོ།། དེ་ཅིའི་ཕྱིར་ཞེ་ན། ལྷ་ཐམས་ཅད་མྱི་དགེས་པར་འགྱུར་རོ།། གཉེན་པོ་ཐམས་ཅད་ཀྱི་དཀའ་བར་འགྱུར་རོ།། གང་གིས་མྱངས་པ་ཞིག་ཡོད་ན
318a4 ཚེ་རབས་ལྔ་ཁྲི་འདྲེ་ལྟོགས་པར་འགྱུར་རོ།། སྡུག་བསྔལ་མྱི་བཟད་པ་སྣ་ཚོགས་པ་ཡང་མྱོང་བར་འགྱུར་རོ།། གང་ཞིག་ཕྱི་ནང་ཆད་བསོད་ནམས་འདོད་པ་དེས་ཚུལ་བཞིན་དུ་བསོད་ནམས་ཀྱི་ཟས
318a5 གཙང་སྤྲས་ཕྱེད་པ་དང་། ཤིན་ཏུ་གུས་པར་སྦྱར་ལ། ལག་པ། ཤིན་ཏུ་དག་པར་བཀྲུས་ནས། ཚོད་པ་ལས་སྩོགས་པ་དྲོད་བག་ཏུ་སྦྱར་རོ།། ཤི་ནང་ཏུ་དགའ་བ་དང་རིམ་འགྲོ་བསྐྱེད་དེ་དེ་དག་ཀྱང
318a6 སྔར་མྱང་བར་མྱི་བྱའོ།། དེ་ནས་བསོད་ནམས་སུ་གྱུར་ཅིང་། ལྔ་ཐམས་ཅད་ཀྱང་དགས་པར་འགྱུར་རོ།། གཉན་པོ་ཐམས་ཅད་ཀྱང་དཀའ་བར་འགྱུར་རོ།། ལྷ་ལས་སྩོགས་པ་ཐམས་ཅད་ཀྱིས
318a7 ཀྱང་སྲུང་ཞིང་བྱིན་ཀྱིས་རློབ་པར་འགྱུར་ཏེ། ཡང་དག་པར་སྨྲ་བར་བསོད་ནམས་རྣམ་པར་སྦྱིན་པ་དེ་ནི་བྲཀ་ཆ་དང་། གཟུགས་བརྙན་བཞིན་ནོ།། དེ་ལྟར་འདྲེ་ལྟོགས་པ་ནི་ཐོག་མ་མྱ་ལས་གྱུར་ཏེ། ཐོག་མ་ལག་པ
318a8 མྱི་གཙང་བར་དགེ་འདུན་གི་ཁ་ཟས་གཙང་མ་ལ་རེག་པ་དང་། བདག་གི་ལཀ་པ་མྱི་གཙང་བས། དགེ་འདུན་ཀི་ཁ་ཟས་གཙང་མ་ལ་བསྡོགས་སམ། ཟས་གཙང་མའི་ནང་དུ་ཁ་ཟས་མྱི་གཙང་བ་སྲེས་ཏེ། དགེ་འདུན
318a9 སྦྱིན་པ་བྱས་པས། ཚེ་རབས་ལྔ་བརྒྱར་འདྲེ་ལྟོགས་པར་ལྟུང་སྟེ། རྟག་ཏུ་མྱི་གཙང་བ་ཟ་ཞིང་སྔམ་ཕྱིའི་སར་མྱི་གཙང་བ་ཟ་ཞིང་། སྣམ་ཕྱི་སའི་སྲུངས་མས། ལུགས་ཀྱི་བེ་རྒས་བསྐྲད་དེ།། འདྲེ་ལྟོགས་པ




iiif viewer powered by OpenSeadragon

317b - 318b

Texts on this page

Ng22.55 - zas kyi 'tsho ba rnam par dag pa zhes bya ba theg pa chen po'i mdo