e-texts navigator
Collection
Volume
Page
Wylie

306a1 ཀྱིས་མེའུ་དགལ་གི་ཡུ་ལ་བཀའ་སྩལ་པ། གལ་ཏེ་ངོ་ཆེ་དང་ཁྲེལ་མྱེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་དགེ་འདུན་ལྷག་མ་ལས་ཉམས་མ། འཕྲུལ་དཀའི་ལྷའི་ཚེ་ཚད་ལོ་བརྐྱང་སྟོང་གི་བར་སེམས་ཅན
306a2 དམྱལ་བར་ལྟུང་སྟེ། དེ་ལ་མྱིའི་ལོ་ལྟར་བརྩིས་ན་ལོ་འབུམ་ཕྲག་ཉིས་བརྒྱ་སུམ་བརྒྱ་དཔ་བཞི་ཁྲིའོ།། བཅོམ་ལྡན་འདས་ཀྱིས་མེའུ་འགལ་གི་བུ་ལ་བཀའ་སྩལ་པ། ཀལ་ཏེ་པོ་ཚ་དང་ཁྲེལ་བྱེད་པས་སངས་རྒྱས་ཀྱི་བཀའ
306a3 ཁྱད་དུ་གསོད་ཅིང་། ཕས་ཕམ་པ་ལས་ཉམས་མ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཚེ་ཚད་ལོ་ཁྲི་དྲུག་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་ལ་མྱིའི་ལོ་ལྟར་བརྩིས་མ། ལོ་འབུམ་ཕྲག་དགུ་བརྒྱ་ཉི་ཤུ།
306a4 རྩ་གཅིག་དང་དགུ་ཁྲིའོ།། དེ་ནས་མེའུ་དགལ་གི་བུས་བཅོམ་དན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། དེ་ནས་མེའུ་དཀལ་གི་བུས་ཚིགས་སུ་བཅད་དེ་སྨྲས་པ། བྱང་དུ
306a5 གསོད་པའི་རྒྱུ་རྐྱེནད་ཀྱིས་དེའི་དུས་བྱས་ངན་འགྲོར་ལྟུང་།། ལོ།། གྲངས་སྟོང་ཕྲག་དུ་མར་རུ།། སྡུག་བསྔལ་དཔག་ཏུ་མྱེད་པ་མྱོ་པ།། ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིནད་པ་ལྕི་ཡང
306a6 བསྟན་པའི་མདོའོ།། རྫོགས་སྷོ།། @རྒྱ་གར་སྐད་དུ། ཙྱཻ་ཏ་པྲ་དྷ་ཀྵི་ན་ན་མ་གྷཱ་ཟ།། བོད་སྐད་དུ། མཆོད་རྟེན་བསྐོར་བ་ཚིགས་སུ་བཅད་པ་ཞེས་བྱ་བ།
306a7 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཤེས་རབ་ལྡན་མཆོག་འཇིག་རྟེན་ན།། ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ་ཡི།། ཤེས་རབ་ཆེན་པོ་ཤ་རིའི་བུས།། སྟོན་པ་ལ་ནི་ཞུ་བ་ཞུས།། མཆོད་རྟེན་བསྒོན
306a8 བབབགྱིས་པའི།། རྣམ་པར་སྨིན་པ་ཅིར་འགྱུར་བ།། བསྐུ་ཡང་པ་ཆེན་པོ་འཇིག་རྟེན་མཆོག།། རྣམ་པར་འདྲེན་པ་བདག་ལ་གསུངས།། རྫོགས་པའི་སངས་རྒྱས་གང་གཉིས་མཆོག། སྟོན་པས་དེ་ལ་བཀའ
306a9 སྩལ་པ།། མཆོད་རྟེན་དག་ལ་ཕྱག་བྱས་པའི།། ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན་།། མཆོད་རྟེན་བསྐོར་བ་བྱས་པའི།། ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་།། ཤ་ཟ་དེ་བཞིན་སྲིན་རྣམས་ཀྱིས།། ཐམས་ཅད་དུ




iiif viewer powered by OpenSeadragon

305b - 306b

Texts on this page

Ng22.49 - 'phags pa tshul khrims nyams pa'i rnam par smin pa lci yang bstan pa'i mdo
Ng22.50 - mchod rten bskor ba'i tshigs su bcad pa