| e-texts navigator |
| Wylie |
305b1 ལ་ཁྱོད་ཅི་དང་མི་འདོད་པ་དྲིས་ཤིག་དང་ཁྱོད་ལ་བཤད་པར་བྱའོ་ཞེས་བཀའ་སུལང་པ་དང་། མེའུ་དགལ་ཀི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀལ་ཏེ་དགེ་སློང་ངམ། དགེ་སློང་མ་དག་པོ་ཚ་དང
305b2 ཁྲེལ་མ་མཆིས་པའི་སེམས་ཀྱིས་སངས་རྒྱས་ཀྱི་བཀའ་ཁྱད་དུ་བསད་ནས། བསླབ་པ་མང་པོའི་སྡོམ་པ་དང་། དེ་བཞིན་དུ་སོ་སོར་བཤགས་པར་བྱ་བ་དང་། ལྟུང་བ་དང་སྦོམ་པོ་དང་དགེ་འདུན་ལྷག་པ་དང་། ཕས་ཕམ་པ་རྣཾས
305b3 ལས་ཉམས་ན་མྱི་བདེ་བ་ཇི་སྙེད་ཅིག་མྱོང་བར་འགྱུར་བ་བསྟནད་དུ་གསོལ་ད་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་མེའུ་དཀལ་ཀི་བུ་ལ་བཀའ་སྩལང་པ། ཤི་ནད་ཏུ་ལེགས་པར་ཉོན་ཅིག་དང་ཁྱོད་ལ་བསྟནད་པར་བྱའོ།།
305b4 གལ་ཏེ་དགེ་སློང་ངམ་དགེ་སློང་ནི།། ངོ་ཚ་དང་ཁྲེལ་མྱེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་བསླབ་པ་མང་པོའི་སྡོམ་པ་ལསཉམས་ན་རྒྱལ་ཆེན་རིས་བཞི་ལྷའི་ཚེ་ཚད་ལོ་ལྔ་བརྒྱའི་བར་དུ་སེམས
305b5 ཅན་དམྱལ་བར་ལྟུང་སྟེ། མྱིའི་ལོ་ལྟར་བརྩིས་ན་ལོ་སྟོང་ཕྲགདཀུ་བརྒྱའོ།། བཅོམ་ལྡན་འདས་ཀྱིས་མེའུ་དཀལ་གི་བུ་ལ་བ། ཀའ་སྩལ་པ། གལ་ཏེ་ངོ་ཚ་དང་། ཁྲེལ་མྱེད་པས་སངས་རྒྱས
305b6 ཀྱི་བཀའ་ཁྱད་ཏུ་གསོད་ཅིང་སོ་སོར་བཤགས་པར་བྱ་བ་ལས་ཉམ་ས་ན། སུམ་བཅུ་རྩ་གསུམ་ཀི་ལྷའི་ཚེ་ཚད་ལ་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་ལ་མྱིའི་ལོ་ལྟར་བརྩིས་ན། ལོ་སུམ
305b7 འབྲུམ་དྲུག་སྟོང་ངོ་པོ།། བཅོམ་ལྡན་འདས་ཀྱིས་མེའུ་དཀལ་ཀི་བུ་ལ་བཀའ་སྩལ་པ། གལ་ཏེ་རོ་ཆ་དང་ཁྲེལ་མྱེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་། ལྟུང་བ་ལས་ཉམས་ན་འཐབ་བྲལ་ཀི་ལྷའི་ཚེ་ཚད་ལོ་ཉིས
305b8 སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་ལ་མྱིའི་ལོ་ལྟར་རྩིས་མ། ལོ་འབུམ་ཕྲག་ཉི་ཤུ་དང་བཞི་ཁྲིའོ།། བཅོམ་ལྡན་འདས་ཀྱིས་མེའུ་འགལ་ཀི་བུ་ལ་བཀའ་སྩལ་པ། གལ་ཏེ་རོ་ཆེ་ང་ཁྲེལ་མྱེད་ལ་སངས་རྒྱས་ཀྱི།
305b9 བཀའ་ཁྱད་དུ་གསོད་ཅིང་སྦོམ་པོ་ལས་ཉམས་ན། དཀའ་ལྡན་གི་ལྷའི་ཚེ་ཚད་ལོ་བཞི་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ། དེ་ལ་མྱིའི་ལོ་ལྟར་བརྩིས་ན་ལོ་འབུམ་ཕྲག་དྲུག་བཅུ་དང་དྲུག་ཁྲིའོ།། བཅོམ་ལྡན་འདས