e-texts navigator
Collection
Volume
Page
Wylie

301b1 སྤོང་བྱེད་ཅིག།། ཁྲིམས་བཙུན་འདོད་ཆགས་ཆུང་བྱེད་ཅིང་།། རྟག་ཏུ་སྐྱེས་པར་འགྱུར་འདོད་པ།། མྱི་ལོ་དེ་ནི་སྐྱེས་པར་འགྱུར།། གང་ཞིག་ཡང་ངས་སྐྱོན་བྱེད་པར།། ཚངས་པར་སྤྱོད་ལ་བརྟེན་པ་དེ།། གའི་ལྡན་ཡང་དག་ཡོན
301b2 ཏན་ལྡན།། དཔལ་ལྡན་ལྷ་རྣམས་ཀྱིས་ཀྱང་བཀུར།། ཆང་འཐུང་བ་ནི་གྱི་བརྟེན་པས།། མྱི་དྲན་པ་བརྟན་པ་དང་།། མོངས་མྱེད་བདེན་པ་སྨྲ་བ་དང་།། སྙན་པའི་བདེན་པ་ལྡན་པར་སྐྱེ།། གང་ཞིག་སེམས་ཅན་དབྱེ་བ་ཡང་།
301b3 དེ་ནི་འཁོར་ཉིད་མྱི་བྱེད་པ།། དེ་ནི་འཁོར་རྣམས་ཀྱི་འབྱེད་ཅིང་།། བརྟན་པའི་ཡིད་དང་ལྡན་པ་སྐྱེ།། གང་ཞིག་རྟག་པར་ཡིད་དཀའ་བས།། བླ་མ་རྣམས་ཀྱི་བཀའ་བཞིན་བྱེད།། ཕན་དང་མྱི་ཕན་སྟོན་པའི་མྱི།། དེའི་ཚིག་ནི
301b4 བཙུན་པར་འགྱུར།། གཞན་ལ་བསྡུས་པར་སྨད་རིམས་འགྱུར།། བཟློག་པ་ཡིས་ནི་མཐོན་པོར་འགྱུར།། བདེ་བ་བྱིན་ན་བདེ་དང་ལྡན།། སྡུག་བསྔལ་བྱིན་ན་སྡུག་བསྔལ་འགྱུར།། གཞན་ལ་འདྲིད་པར་དཀ
301b5 བ་དང་།། གཡོའ་བྱེད་བརྫུན་ནི་སྨྲ་བྱེད་དང་།། ཀང་དག་གཟུག། ས་ཀྱི་ང་རྒྱལ་ཅན།། སྐུར་ལ་ལུས་ནི་ཟུང་བར་འགྱུར།། སྐྱེ་བོ་བ་། ས་གཉེན་སེར་སྣ་བྱེད།། རྒུད་འགྱུར་སྡུག་ལ་མྱི་སྟུག་འགྱུར།།
301b6 རྨོངས་པའི་རང་བཞིན་ཕན་པའི་ཚིག། མྱི་བཟོད་པ་ནི་འོན་པར་འགྱུར།། སྡུག་པའི་སྡུག་བསྔལ་བསོད་ནམས་ཀྱི།། དེའི་འདྲེན་མ་འི་འདྲེན་པ་སྟེ།། ལས་རྣམས་ཀུན་ཀྱི་འབྲས་བུ་ཀུན།། འདྲ་བ
301b7 རྒྱུ་མཐུན་ཡིན་པར་བརྟགས།། མྱིའི་རབས་རྫོགས་སྷོ།། །། རྟག་པར་གཡོ་དང་རྒྱུ་སྤྱོད་ཅིང་།། སྡིག་པ་གང་ནི་མ་བྱས་ལ།། ཟབ་ལ་དགའ་ཞིང་སྦྱིན་བྱེད་ལ།། དེ་ནི་ལྔ
301b8 མྱིན་དབང་ཕྱུག་འགྱུར།། གང་ཞིག་བདག་པ་དེ་ཀྱི་འདོད་ཅིང་།། ཡོངས་སུ་གཟུང་བར་གྱི་དགའ་བ།། དེ་ནི་བབའ་རྣམས་དག་གི་མཆོག། རྒྱལ་ཆེན་བཞི་པ་ཉིད་དུ་འགྱུར།། པ་ཡ་པ་ཚད་གཙོ་བོ་ལ།། བཀུར་བྱེད་གཏོང་ལྡན
301b9 བཟོད་པར་ལྡན།། འཐབ་མོ་ལ་ནི་མྱི་དཀའ་ཀ་པ།། དེ་ནི་སུམ་བཅུ་རྩ་གསུམ་སྐྱེ།། རྩོཚོད་ལ་མྱི་དཀའ་ཐབ་མོ་ལ།། ཡིད་ནི་དགའ་བར་མྱི་བྱེད་ལ།། གཅིག་ཏུ་དགེ་ལ་བརྩོན་པ་གང་།། དེ་དག་འཐབ་བྲལ་ཉེ་བར་འགྲོ།




iiif viewer powered by OpenSeadragon

301a - 302a

Texts on this page

Ng22.47 - dam pa'i chos dran pa nye bar bzhag pa'i tshig le'ur byas pa