| e-texts navigator |
| Wylie |
301a1 བདེ་དང་ལྡན་པ་དང་།། གཞོན་པ་དག་ཀྱང་རྙེད་པར་འགྱུར།། བསྟི་ས་ཁྲོན་པ་ཚེའུ་པ་ལས་བསྩོགས།། རྟེན་ཅན་བྱེད་དུ་བཅུག་ན་ནི།། དེ་དག་བདེ་དང་ལྡན་པ་དང་།། བཏུང་བྲལ་སྐོམ་ནད་མྱེད་པར་འགྱུར།།
301a2 ཀ་བ་ཞིག་ཀུན་དགའ་ར་བ་འབུལ།། ད་ནི་བུས་བཀུར་དཔལ་དང་ལྡན།། ལུས་ཅན་རྣམས་ཀྱི་སྐྱབས་སུ་འགྱུར།། རྟག་པར་ཀུན་ཏུ་འབྱོར་ད་པར་འགྱུར།། རིག་པ་སྦྱིན་དང་ཤེས་རབ་ལ་གོམས་པས
301a3 མཁས་པ་ཉིད་དུ་འགྱུར།། སྨན་དང་མྱི་འཇིགས་སྦྱིན་པའི་ས།། ནད་མྱེད་པར་ཡང་སྐྱེ་བར་འགྱུར།། མར་མེ་བྱིན་པས་མྱིག་ལྡན་འགྱུར།། སིལ་སྙན་བྱིན་པས་དབྱངས་སྙན་འགྱུར།། ལམ་བསྟན་དག་ནི་བྱིན་པ་འིས།། ཤེད།
301a4 པུ་བདེ་དང་ལྡན་པར་འགྱུར།། གང་ཞིག་འདི་ལ་བ་ལས་སྩོགས། སྤྱད་བྱའོ་མའི་ཡོན་ཏན་ལྡན།། སྦྱིན་བྱེད་མྱི་དེ་སྟོབས་ལྡན་ཞིང་།། མདོ་ཀ་ལྡན་ཚེ་རིང་ལོང་སྤྱོད་ལྡན།། བུ་མོ་བྱིན་པས་འདོད་གནས་རྙེད།
301a5 འཁོར་རྣམས་དང་ཡང་ལྡན་པར་འགྱུར།། ས་གཞི་བྱིན་པས་ནོར་ད། ང་ནི།། འབྲུ་རྣམས་འབྱོར་ད་པར་སྐྱེ་བཱ་ཙཱ་ལོ་མ་མེ་ཏོག་འབྲས་བུ་དང་། ཆུ་དང་མྱི་འཇིགས་ཚིག་སྙན་དང་།། ཀང་དག་ཇི་ལྟར་འདོད་པ་དེ།།
301a6 དེ་འདོད་པ་ལ་ནུས་པར་སྦྱིན།། འདི་ལ་འཀོལ་ནས་སྦྱིན་བྱེད་དམ། མཐོ་རིས་ཆེད་དུ་འཇིགས་པས་སམ།། སྙན་པའི་བདེ་བ་འདོད་ཕྱིར་ནི་། དེ་ནི་འབྲས་བུ་སྟོན་མོངས་འཐོབ། དུས་དང་ཚུལ་ནི་ཇི་བཞིན་དུ།
301a7 ཀ་ཅི་གཞན་ལ་སྦྱིན་བྱེད་ནི།། རྣམ་པ་དེ་དང་དེ་ལྟ་བུར།། དེ་ཀུན་ཉེ་བར་གནས་པར་འགྱུར།། གཞན་ལ་གནོད་པ་མྱེད་པ་ཉིད།། རང་གི་དུས་སུ་ཅི་གནོད་པ།། ཆོས་དང་མྱི་འགལ་གང་ཕན་པ།། མྱི་བཀོལ་བར་ནི་སྦྱིན
301a8 པར་བྱ།། དེ་ལྟར་སྦྱིན་པ་སྦྱིན་བྱེད་ན།། དེ་ལྟ་བུའི་འབྲས་བུ་འབྱུང་།། བདེ་དག་ནི་ཐམས་ཅད་ཀྱི།། རྒྱུའི་གཙོ་བོ་སྦྱིན་པར་བཞེད།། གཞན་གི་བུད་མྱེད་རྣམས་སྤོང་ན།། བུད་མྱེད་སྟུག་གུ་རྙེད་པར་འགྱུར།། ཡུལ་ཡང་དུས
301a9 མྱིན་རང་གི་ཡང་།། སྤོང་ན་སྐྱེས་པ་ཉིད་ཐོབ་འགྱུར།། ཀང་ཞིག་གཞན་ཀི་ཆུང་མ་ལ།། ཆགས་པའི་སེམས་ནི་མྱི་སེལ་དང་།། ཡན་ལག་མྱིན་ལ་ཆགས་བྱེད་པ།། སྐྱེས་པ་དེ་ནི་བུད་མྱེད་འགྱུར།། གང་ཞིག་ཁུད་མྱེད