| e-texts navigator |
| Wylie |
300b1 དྲི་ཟ་རྣམས་སུ་སྐྱེ་བར་འགྱུར།། གང་དག་ཁ་ཅིག་ཕྲ་མ་ཆེ།། ཁྲོ་ཞིང་དགོངས་པའི་ཚད་སྦྱིན་ན།། དེ་ནི་ཤ་ཟ་མ་རུངས་ཉིད།། བཞིན་མྱི་ལྐུག་པར་སྐྱེ་བར་འགྱུར།། རྟག་ཏུ་རབ་ལྡན་བརྟགས་བབ་ཅན།། གཞན་ལ་གནོད་པ་བྱེད་པ་དང་།།
300b2 རྟག་ཏུ་སྦྱིན་ལ་དགའ་བའི་ཕྱི།། དེ་དག་ཤི་ནས་འབྱུང་པོར་སྐྱེ།། མ་རུངས་ཁྲོ་ཞིང་སྦྱིན་བྱེད་ལ།། ཆང་ཞིམ་དག་ལ་དཀའ་བ་དང་།། ཤི་ནས་གནོད་སྦྱིན་མ་རུངས་པ།། ཆང་ལ་དགའ་བ་ཉིད་དུ་སྐྱེ།། གང་དག་པ་མ་བླ་མ་རྣམས།། ཇི་ལྟར
300b3 འདོད་པས་གཞོམ་པས་འདེག། དེ་དག་གཞལ་མྱེད་ཁང་རྒྱུ་བའི།། གནོད་སྦྱིན་བདེ་དང་ལྡན་པར་སྐྱེ།། སྲེད་དང་སེར་སྣའི་སྐྱོན་གྱིས་ནི།། ཤི་ནས་ཡི་དགས་འདི་རྣམས་འགྱུར།། ཉོན་མོངས་ཅན་དགེས་གནོད་སྦྱིན་བསྡོགས།། དེ་ཕྱི
300b4 དེ་ནི་གསང་བར་བྱ།། ཡི་དགས་ཀྱི་རབས་རྫོགས་སྷོ།། །། མྱི་འཚེ་བའི་ས་ལྷ་དང་མྱི།། ལྷ་མྱི་རྣམས་སུ་ཚེ་རིང་འགྱུར།། འཚེ་བས་ཐུང་ངུར་སྐྱེ་བར་འགྱུར།། དེ་ཕྱིར་འཚེ་བ་རྣམ་པར
300b5 སྤང་།། འཚེ་དང་རྨོང་བུ་ཟད་བྱེད་རིམས།། མྱི་ནད་གཞན་ཡང་ཀ། བདག་ཡིན།། འབྱུང་པོ་རྣམས་ལ་གསད་དང་བཅིང་།། བདེག་པ། ར་བྱས་པ་རྣམས་ཀྱིས་འབྱུང་།། གང་ཞི་གན་ཀི་ནོར་འཕྲོག་ཅིང་།།
300b6 ཅི་ཡང་སྦྱིན་པར་མྱི་བྱེད་པ།། དེ་ནི་འབད་པ་ཆེན་པོས་ཀྱང་།། རྫས་ནི་རྙེད་པར་མྱི་འགྱུར་རོ།། གང་ཞིག་རྫས་ནི་མ་ཡིན་པར།། དེ་དག་ཚེས་ས་ནི་ཆེན་པོ་འས།། ངེས་པར་རྫས་ནི་བརྟན་པར་འཐོབ།། གང
300b7 ཞིག་གཞན་ཀི་ནོར་མྱི་འཕྲོག།། གཏོང་དང་ལྡན་པའི་སེར་སྣ་སྤངས།། མྱི་དེ་རྫས་ནི་མྱི་འཕྲོག་པ།། རྒྱལ་ཆེན་ཡིད་དུ་འོང་བ་འཐོབ།། ཀ་བ་ཞིག་འདི་ལེ་ཟས་སྦྱིན་པ།། ཚེ་དང་མདོག་དང་སྟོབས་ལྡན་ཞིང་།། དཔལ་དང་ལྡན
300b8 པ་ནད་སྤངས་དང་།། རྟག་པར་བདེ་དང་ལྡན་པར་འགྱུར།། གང་ཞིག་གོས་མི་སྦྱིན་བྱེད་དེ།། མཛེས་བཅས་གཟུགས་བཟང་ལོང་སྤྱོད་ལྡན།། ཕྱི་ན་ཅད་སྲོག་ཆགས་ནས་ལ་ཨུཀ།། གོས་ལས་ཀྱང་ནི་རྙེད་པར་འགྱུམ།
300b9 གང་ཞིག་འདི་ལ་རབ་དགའ་བའི།། སེམས་ཀྱིས་གནས་ནི་སྦྱིན་བྱེད་པ།། ལུས་ཆེན་དེ་ལ་ཁང་བཟངས་ནི།། འདོད་པ་ཀུན་དང་ལྡན་པ་འབྱུང་།། མྱི་ག་ལྷམ་དང་ཆགས་ས་ལས།། སོཚོགས་པ་སྦྱིན་པ་བྱེད་པ་དེ།། རྟག་ཏུ