| e-texts navigator |
| Wylie |
300a1 སྟག་དང་སེའུ་དང་ཝ་དང་དོས།། བྱ་གོད་སྨྱུང་ཀི་ལས་བསྩོགས་ཀྱི།། ཀྱི་བཙུན་ཚྭ་ཞིང་སྦྱིན་བྱེད་མི།། ཨུ་འཕྲུལ་ཆེན་པོའི་ཀུར་སྟེའོ།། གཏོད་ཞིང་བློ་དང་དྲེགས་པའིས།། ནམ་མཁའ་ལྡིང་གི་དག
300a2 བྱུག་སྐྱེ།། རང་གི་ལུས་དངངག་ཡིད་ཀྱིས།། སྡིག་པའི་ལས་ནི་ཀང་བྱས་པ།། དེ་དག་དུང་འགྲོ་སྐྱེ་བས་མ།། དེ་ནི་ཆུང་ཡང་མ་བྱེད་ཅིག། དུད་འགྲོའི་རབས་རྫོགས་སྷོ།།
300a3 ཅེག་ཡོག་ཅན་གཔ་སྦྱིན་པ་སྤངས།། བཟའ་བཅའ་བ་དང་འཕྲོག་བྱེད་པ།། དེ་དག་ཡི་དགས་ལུས་སྲུལ་པོ།། རོ་རྣམས་ཟ་བར་བྱེད་པར་སྐྱེ།། གང་ཞིག་བྱིས་པ་རྣམས་ལ་འཚེ།། སྲེད་པས་འདྲི་བར་བྱེད་པ་དེ།
300a4 ལོང་པའི་དྲི་མ་པ་བྱེད་པ།། ལུས་སྲུལ་པོར་ནི་སྐྱེ་བར་འགྱུར།། མྱི་ཀང་སྤོད་པ་དམན་པ་དང་།། གནིས་ཏུ་ཞུམ་དང་སེར་སྔར་ལྡན།། རྟག་ཏུ་འདོད་བྱེད་དེ་ཤི་ནས།། ཡི་དགས་དཀའ་བོ་ཅན་དུ་ལྕེ།། གང་ཞིག
300a5 ཅི་ཡང་མྱི་སྟེར་ལ།། སྦྱིན་པ་ཟློག་པར་བྱེད་པ་དེ།། ཡི་དགས་པ། ཀྲེས་པས་སྟོངས་པའི།། གསུས་ཆེ་ཁ་ནི་ཁབ་ཙམ་འགྱུར།། ག་ཞི། ཀ་སྤྱོད་དང་སྦྱིན་མྱི་བྱེད།། རིགས་ཀྱི་དོན་ཏུ་ནོར་སྲུང་ན།། དེས་ནི
300a6 ཡི་དགས་གཏེར་སྤྱོད་དེ།། ཤི་དུས་སྔོར་ཟད་དེར་སྐྱེའོ།། ཀང་ཞིག་གཞན་གི་ནོར་འཕྲོག་འདོད།། བྱིན་ནས་འགྱོད་པར་བྱེད་པ་དེ།། ནརྀནས་མཆིལ་མ་སྐྱུགས་པ་ལ།། ཟ་བྱེད་བྱེད་པའི་ཡི་དགས་སྐྱེ།།
300a7 གང་ཞིག་ཁྲོས་པས་མྱི་སྙན་སྨྲ།། འཚང་འབྲུ་བོ་ནི་སྨྲ་བྱེད་པ།། ལས་བྱེད་ཤིན་ཏུ་ཡུན་རིང་བར།། ཡི་དགས་ཁ་འབར་སྐྱེ་བར་འགྱུར།། གང་ཞིག་འཐབ་མོ་བྱེད་པ་དང་།། མ་ཆགས་སེམས་ནི་ཁྲོས་བྱེད་པ།། དེ་ནི
300a8 ཡི་དགས་མེ་འབར་བ།། སྲིན་དང་སྡིག་སྐུར་ཕྱེ་བླ་བ་ཟ།། ཀང་ཞིག་ཟས་སྤུངས་སྦྱིན་བྱེད་ལ།། སྦྱིན་བཞིན་གནོད་པ་བྱེད་པ་དེ།། གྲུལ་བུམ་བྱེད་ན་མྱི་སྟུག་ལ།། མཆོད་པར་འོས་པར་སྐྱེ་བར་འགྱུར།། ཟས་ཀྱི་ཆེད་དུ་རྩེ
300a9 བྱེད་པས།། སྲོག་ཆགས་གསོད་ཅིང་སྦྱིན་བྱེད་ན།། དེ་དག་ཤི་ནས་ངེས་པར་ནི།། སྲིན་པོས་བཟའ་དང་བཅའ་བར་འགྱུར།། རྟག་ཏུ་དྲི་དང་འཕྲེང་ལ་དགའ།། སྦྱིན་བྱེད་འཁྲོ་བ་ཆུང་བ་ནི།། ལྷ་རྣམས་དགའ་བོའི་རྒྱུར་གྱུར་པ།།