| e-texts navigator |
| Wylie |
2b1 ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། དེ་ནས་འཁོར་གི་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ།། འདི་ན་གང་ཟག་ཁ་ཅིག་ནི།། རབ་ཏུ་སེམས་ཁྲོས་མུར་གཟིགས་ནས།། སྟོན་པ།
2b2 པས་དགེ་སློང་ཚོགས་རྣམས་ལ།། དོན་དེ་ཉིད་ནི་ལུང་བསྟནད་ཏོ།། ཀྱེ་མ་གསོའ་བ་མྱི་འདི་ནི།། ད་ནི་འཆི་བའི་དུས་བྱས་ན།། དེའི་སེམས་ནི་ཁྲོས་པའི་ཕྱིར།། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ།། དེ་བཞིན་གཤེགས
2b3 ལ་སེམས་ཁྲོས་པ།། དེའི་རྒྱུས་ན་སེམས་ཅན་རྣམས།། དཔེར་ན་མདའ་ནི་འཕངས་པ་བཞིན།། དེ་ལྟར་ངན་འགྲོར་འགྲོ་བར་འགྱུར།། དེ་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ།། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱི་ནང།།
2b4 པ་དང་།། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་དུ་ཀུན་ཏུ་དགའ་བར་བྱ་བ་དང་།། ཡང་དག་པར་དགའ་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས
2b5 གཅིག་དུ་འདུག་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ། ཏོ།། གོའུ་ཏ་མ་ཁྱོད་བདག་གི་ཁྱིམ་ཏུ་བྱོན་ཏམ་བྲམ་ཟེའི་བུ་ཕྱིན་པ། ཏོ་ཀོའུ་ཏ་མ་ཁྱོད་ཀྱིས་བདག་གིས་ཁྱི་དུང་ལ་ཅི་ཞིག་མ་གསུངས་སམ།
2b6 བྲམ་ཟེའི་ཁྱེའུ་ང་འདིར་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ཏེ་ལྟུང་བརྩེ་ད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ་མཐརཀྱིས་མཉན་ཡོད་དུ་བསོད་སྙོམས་བསླངས་ནས།། ཁྱོད་ཀྱི་ཁྱིམ
2b7 ཁ་དེར་སོང་སྟེ་ཕྱི་ནང་ནས།། སྒོ་དྲུང་ན་འདུག་པ་དང་།། དེའི་ཚེ་ཁྱི་དུང་རས་ཀོ་ནི་ཀ་བཏིང་བའི་ཁྲི་སྟེང་ན་འདུག་ཅིང་།། ཁར་ཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཆར་དང་ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས་ཀྱི་དུང་གིས
2b8 ང་སྒོ་དྲུང་ན་འདུག་པ་མཐོང་སྟེ། མཐོང་ནས་ཀྱང་ཟུགས་པ་དང་།། ངས་དེ་ལ་སྨྲས་པ།། དུང་ཁྱོད་ཀྱི་ཞེས་བྱ་བ་ལས། འའུ་ཞེས་ཟུགས་པར་གྱུར་པ་ན།། དེས་ཀྱང་མ་དུལ་ལམ་ཞེས་དེ་སྐད་སྨྲས་པ་དང་། ཁྱི་དུང་འཟོས
2b9 འཁྲུགས་ཚིག་པ་ཟོས་ཏེ།། ཡིད་མ་རངས་ནས། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ།། ཀོའུ་ཏ་མ་ཁྱོད་ཀྱིས། ཁྱི་དུང་ཚེ་སྔ་མ་ལ་བདག་ཀྱི་ཅིར་མཆི