e-texts navigator
Collection
Volume
Page
Wylie

2a1 ཀྱེ་ཞེས་བྱ་བ་ལས། འཞུ་ཞེས་ཞུགས་པར་གྱུར་ན། དེས་ཀྱཔའི་ཚུལ་ཡམ། དེ་སྐད་བཀའ་སྩལ་པ་དང་། དུང་ཁྲོས་འཞུགས་ཚིག་པ་ཟོས་ཏེ། ཡིད་མ་རངས་ནས། རས་ཀོ་ནི་ཀ་བཏིང་།
2a2 བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་རྡོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ།། དེའི་ཚེ་ཏོའུ་དེ་རེ་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བྱ་བ་ཞིག་གི་ཕྱིར་ཕྱི་རོལ་ཏུ་བྱུང་བ་ལས་དེ་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་སླར་ལོག་པ་དང་། ཏོའུ
2a3 དེ་ཡའི་བུ་བྲམ་ཟེའི་ཕྱེའུ་ནེ་ཙོ་ཁྱི་ཏུང་འོག་ན་རྟོར་ཁུང་གི་ཤིང་གི་ཝ་ལ་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་ནང་མྱི་ལ་སྨྲས་པ། ཁྱེད་ཀྱིས་ཁྱི་དུང་འདི་ལ་ཅི་ཞིག་སྨྲས་པ། ཇོ་བོ་བདག་ཅག་གིས་ཀྱང་ཁྱི་དུང་ལ་ཅི་ཡང་མ་སྨྲས
2a4 སོ།། དེ་ལྟག་ལགས་མོད་ཀྱི། དགེ་སྦྱོང་ཀོའུ་ཏ་མ་བྱོནད་པར་གྱུར་ཏྲེ། ཁྱི་དུང་གིས་དགེ་སྦྱོང་ཀོའུ་ཏ་མ་སྒོ་དྲུང་ན་བཞུགས་པ་མཐོང་ངོ་།། མཐོང་ནས་ཀྱང་ལའུ་ཞེས་ཟུགས་པ་དང་། དགེ་སྦྱོང་ཀོའུ་ཏ་མས་དེ
2a5 ལ་འདི་སྐད་ཅེས་བཀའ་སུ་ལད་ཏོ།། དུང་ཁྱོད་ཀྱེ་ཞེས་བྱ་བ་ལས། འའུ་ཞེས་ཟུགས་པར་གྱུར་པ་ན། དེས་ཀྱང་མ་ཧུལ་ལམ། དེ་སྐད་ཅེས་བཀའ་སྩལྡ་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ།
2a6 ཡིད་མ་རངས་ནས། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལ་བབས་ཏེ། ཛྲ་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་ཀོ།། དེ་ནས་བྲམ་ཟེའི་ཁྱེའུ་ནེ་ཙེ་འཕྲོས་འཞུགས་ཚིག་པ་ཟོས་ཏེ།། ཡིད་མ་ར་པཱ་ས་མཉན
2a7 ཡོད་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དཀའ་ར་བ་ཀ་ལ་བ་དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གི་མདུན་ན་ཆོས་སྟོནད་ཅིང་བཞུགས་ཏེ། བཅོམ
2a8 ལྡན་འདས་ཀྱིས་ཏེའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་གཟིགས་སོ།། གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་དེའ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས
2a9 འོང་བ་མཐོང་ངམ། བཙུན་པ་དེ་ལྟར་ལགས་སོ།། གས་ཏེ་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འཆི་བའི་དུས་བྱས་པར་གྱུ་ར་ན་ནི།། ལུས་ཞིག་ནས་ཤི་བའི་འོག་ཏུ་དཔེར་ན་མདའ་སྟེ་འུ་ཀ་འཕངས་པ་བཞིན་དུ་ངན་སོ།




iiif viewer powered by OpenSeadragon

1b - 2b

Texts on this page

Ng22.1 - las rnam par 'byed pa