e-texts navigator
Collection
Volume
Page
Wylie

299b1 འགྱེད་ན།། སེམས་ཅན་དམྱལ་བར་དེ་དུ་ཞིང་།། འཁོར་ལས་མངོན་པར་ཟིན་པར་གྱུར་།། འདི་ལ་གང་གི་ལུས་ཅན་ལ།། གནོད་པ་རྣམ་པ་ཡང་བྱས་པ།། དེ་དག་ཡུན་རིང་འཁྲུལ་འཁོར་དང་།། རི་དབ་ཐོ་བ་འབ་བས་གཟིར།
299b2 ཀང་དག་ཆོས་ཀྱི་སྟེགས་འཇུག་ཅིང་།། ཡང་དག་མ་ཡིན་ལམ་སྨྲ་བ།། མྱི་དེ་དག་ནི་སྤུ་གྲིའི་སོ།། བཏམས་པའི་ལམ་དུ་འགྲོ་བར་འགྱུར།། སེན་མོས་ཤིག་ལས་སྩོགས་བཙེམ་ན།། དེ་དག་ཡུམ་ནི་ཆེར་འགྱུར་ལ།། སྟོང་བརྒྱ
299b3 ཡང་དང་ཡང་དུ་ནི།། ། བྲག་ཀར་པོའི་ས་གཙེམ་པར་འགྱུར།། ཀང་ཞིག་བརྟུལ་ཞུགས་བཟང་བནོས་ནས།། ལེགས་པར་བསྲུང་བར་མྱི་བྱེད་ན།། དེ་ནི་ངེས་པར་ཤ་དང་རུས།། འཇིགས་པའི་མེ་མ་མུར་དུ་སྲེག། ཀང་སུ་འཚོ
299b4 བ་ལོག་པ་ནི།། ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ།། དེ་ནི་རྒྱག་འཇིམ་ནུབ་གྱུར་ནས།། སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར།། འབྲུའི་ནང་དུ་འཁོད་པའི།། སྲོག་ཆགས་མཐོང་ན་འཛེམ་པ་ཀང་།། དེ་ནི་ལྕགས་ཀྱི་སོག་ལེ
299b5 ཡིས།། ཡང་དང་ཡང་དུ་གཏུགས་པར་འགྱུར།། ཤིན་ཏུ་བྲི་ཞིང་གདུམ་པ་དང་།། གསོ་བྱེད་བཙུན་དུ་སྨྲ་བ་དང་།། གཡོ་བྱེད་པ། ནོད་བྱེད་དགའ་བ་ནི།། གཤིན་རྗེའི་སྲིན་པོ་སྐྱེ་བར་འགྱུར།། སྐུག
299b6 བསྔལ་ཀུན་གི་ས་བོན་ནི།། ཆུ་དྲ་ལས་བསོགས་དབྱེ་བ་ཡིས། ལུས་ངག་ཡིད་ཀྱི་ལྡོག་པ་སྟེ།། དེ་ནི་པྲ་ཡང་སྤང་བར་བྱ།། སེམས་ཅན་དམྱལ་བའི་རབས།། རྫོགས་སྷོ།།
299b7 འདོད་ཆགས་ཀྱིས་ནི་རྨོངས་པ་རྣམས།། དང་པ་ཕུག་རོན་ལ་ལྕོགས་དང་།། བུང་བུ་འདོད་ཆགས་ཅན་རྣམས་ཀྱི།། སྐྱེ་གནས་སྲིན་སྩོགས་སྐྱེ་གནས་སྐྱེ།། ཁྲོ་བར་འཛིནད་པས་སྦྲུལ་དུ་འགྱུར།།
299b8 ངརྒྱལ་ཁེངས་པས་སེང་གེར་འགྱུར།། ཆེ་བའི་ནི་ང་རྒྱལ་གྱིས།། ཁྱི་དང་བོང་བུའི་སྐྱེ་གནས་སྐྱེ།། སེར་སྣའི་ཕྲ་དོག་ལས་ལྕོགས་པའི།། སྐྱོན་གྱིས་ལུས་ཅན་ཤིནས་སྤྲེའུ།། མུ་ཚོར་སྨྲ་དང་སྤྱི་རྟོལ་ཆེ།། རབ་བཞིན་གྱི
299b9 བརྟན་ཁར་སྐྱེའོ།། གསོད་དཔའ་ཆི་དང་སེར་སྣའིས།། ལུས་ཅན་པ་ལང་ཁྱི་ལས་སྩོགས།། འགྱུར་མྱི་བསྲུན་པའི་ལས་ཀྱིས་ནི།། སྡོམ་དང་སྡིག་པ་མྱི་སྟུག་སྐྱེ།། ཁྲོ་དང་སེར་སྣ་ཅན་གི་མྱོ།། ཤི་ནས་ཤ་ནི་ཟ་བྱེད་པ།།




iiif viewer powered by OpenSeadragon

299a - 300a

Texts on this page

Ng22.47 - dam pa'i chos dran pa nye bar bzhag pa'i tshig le'ur byas pa