| e-texts navigator |
| Wylie |
299a1 མི་ལུས་ཅན་རྣམས་དག་གི།། ལུས་དང་ངག་ཡིད་ཉོན་མོངས་བྱེད།། གང་དག་ལྷག་འཇུག་གཞན་གཡོའ་བྱེད།། གྱི་དེ་དག་ནི་བུ་འབོད་འགྲོ།། དེར་ནི་དྲག་པོའི་མེ་དག་གིས།། རྒྱུན་གྱི་འཆད་པར་ཐེག་པ་ན།། གང་ཕྱིར།
299a2 སྐད་ནི་དྲག་འབྱིན་པ།། དེའི་ཕྱིར་ནི་ངུ་འབོད་ཡིན།། གང་གིས་ལྷ་དང་བྲམ་ཟེ་དང་།། བླ་མ་རྫས་འཕྲོག་སྡུག་བསྔལ་བྱས།། གང་དག་བཏམས་པ་འཕྲོག་བྱེད་པ།། དེ་དག་པུ་འབོད་ཆེན་པོར་འགྲོ།། མེ་སྲེག་པ་ནི་དྲག་ཕྱིར་དང་།
299a3 དུ་བོད་པ་ནི་ཚེ་ཕྱིར་དང་།། ལྕི་ཞིང་ཆེ་བ་ཉིད་ཀྱི་ཕྱིར།། དེ་ནི་ངུ་འབོད་ཆེན་པོ་ཡིན།། ཡོན་ཏན་དག་གིས་ཆེ་བ་ལ།། གནོད་པ་དྲག་པོ་བྱས་པ་དང་།། ཕ་མ་བླ་མ་བསད་བྱས་ན།། ངེས་པར་བསྐལ་པར་མནར་མྱེད་འཚེང་།། མེ་དྭག་དེར
299a4 ནི་ལུས་ཅན་གི།། ནུས་པ་རྣམས་ཀྱང་ལྷགས་པར་འགྱུར།། དེ་ཕྱིར་བདེ་བའི་སྐབས་མྱེད་པས།། དེས་ན་མནར་མྱེད་ཡིན་པར་བཤད།། ལུས་ཅན་གང་དག་ཅིག་ལ་གཅིག་གནོད་པར་དཀའ་བས་གཡུལ་ངོར་གསོད།།
299a5 སྡིག་ཅན་དེ་དག་སྡུག་བསྔལ་དད་ལྡན་པོའི་རལ་གྱི་ས་ན་སྐྱེས་པ།། གང་ཕྱིར་དེའི་སེན་མོ་ནི།། ལྕགས་བྱས་འབར་རྣོ་དེ་དག་གིས། གཙོ།། ཀ་གིས་གཅིག་གཅོད་གང་ཡིན་དེས།། རལ་གྱི་སེན་མོ་ཅན་དུ་བཤད།།
299a6 བྱི་བ་བྱེད་པ་ཤལ་མ་མི།། ལྕགས་ཀྱི་ཚེར་མ་རྩེ་མོ་འབར།། སོར་ནི་བཅུ་དྲུག་ཡོད་པ་ལ།། ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར།། བུད་མྱེད་ཤིན་ཏུ་འཇིགས་འཇིགས་ལྟར།། མཆེ་རྣོན་ལུས་ཚན
299a7 འབར་བ་ཡིས།། གཞན་ཀི་བུད་མྱེད་འཕྲོག་པ་ལ། འདུས་ནས་ཟ་བ་ཁོ་ནར་འགྱུར།། བག་ཕབ་སྩོགས་གནོད་བྱེད་པའི་མྱིག། ནགས་ཚལ་རལ་གྲིའི་འདབ་ཅན་དུ།། གཏུབ་བྱས་དུ་ཞིང་བྱ་རྒོད་ཁྱི།། འུག་པ་བྱ་རོག་ཟ་བར་འགྱུར།།
299a8 གང་དག་གཞན་གི་ནོར་འཕྲོག་པ།། དེ་དག་ལྕགས་ཀྱི་ཐུ་ལུམ་ནི།། ཡང་དང་ཡང་དུ་ཟས་སྐོམ་འཐུན།། རྟག་ཏུ་སྐྲག་ལ་དགའ་བྱེད་གང་།། སོ་ནི་བྱེ་བར་དུ་བཞིན་དུའང་།། ཁྱི་ནི་ལྕགས་ཀྱི་མཆེ་བ་འམ།། མྱི་སྲུན་ཤི་ནང་ཏུ
299a9 དབང་བྱེད་པ།། མུ་སྐྱེས་ཉ་ལས་སྩོགས་བསད་ན།། ཆུ་བོ་རབ་མྱེད་འབར་བའི།། ཟངས་ཀྱི་ཁུ་བའི་ཆུར་འགྲོ་ཞིང་།། མྱི་དེ་མེས་ཀྱང་སྲེག་པར་འགྱུར།། གང་ཞིག་རང་ངོས་ཙམ་མོངས་པ།། ཆོས་དང་ཀྱི་ལྡན་ཤགས