e-texts navigator
Collection
Volume
Page
Wylie

298b1 ལེའུར་བྱས་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཡོན་ཏན་ལྡན་ཞིང་དབབ་བྱ་བེ་བས།། ཡང་དག་ཡེ་ཤེས་སྣང་བ་ལྡན།། རྟག་ཏུ་གཞས་གི་དོན་མཛད་པ།། འཇིག་རྟེན་གསུམ་གསོ་ཕྱག་འཚལ་ལོ།། གཔ་ལའང་བྱེད་པོ་གཞན་བྱེད་པ།།
298b2 ལུལུས་དང་ངག་དང་ཡིད་ཀྱི་ལས།། དགེ་དང་མྱི་དགེར་རང་བྱས་གང་།། དེའི་འབྲས་བུ་འཇིག་རྟེན་སྤོང་།། དེ་ལྟར་མཁྱེནད་ནས་ཟུགས་བརྩེས་ནོན།། འཇི་ཀ་ཀྲསུམ་གི་གཙོ་གཅིག་ཉིད།། འགྲོལ་བའི་དོན་ཏུ་ལས་གང་དང་།། འབྲས་བུ་གང་དང
298b3 ཡིན་གསུངས་པ།། དེ་ནི་བདག་གིས་མདོ་བཞད་ཀྱིས།། ཁྱོད་ཀྱིས་ཉོན་ལ་དམ་པ་དང།། དམ་པ་མྱིན་པ་ཆུའི་ལས།། བྱ་བ་དང་ནི་སྤང་བའི་རིགས།། ཆགས་དཔ་གཏི་མུག་འཇིགས་དཔའ་བྲོས།། མྱི་གང་མྱིན་གསོད་པ་དང
298b4 གཞན་ཡང་བསྐྱེད་ན་བསོད་བྱེད་པ།། དེ་དག་ཉེས་པར་ཡང་སོས་འགྲོ།། གང་གི་ཕྱིར་ནི་ལོ་སྟོང་ཕྲག།། མང་པོར་ཡང་ནི་དེ་དག་ཏུ།། བཏགས་ཤི་ངདུ་བཏགས་ཤི་བ་ཡང་འཚོ་བས།། དེ་ཕྱིར་ཡང་སོས་ཞེས་བྱའོ།། པ
298b5 མ་དང་ནི་གྲོགས་དང་གཉེན།། གཤེས་གཉེན་ལ་ནི་ཞུ་བྱེད་པ།། ཕྲམ་བརྫུན་ནི་སྨྲ་བའི་མྱི།། ཐིག་ནག་དུ་ནི་འགྲོ་བར་འགྱུར།། ཀང་ཕྱིར། དེ་ནི་ཤོང་བཞིན་དུ།། ཐིག་ནཀ་བཏབ་ནས་སོ་ལེ་དཀ།། འབར་བ
298b6 འས་ནི་བཤག་བྱེད་དེ།། དེ་ཕྱིར་ཐིག་ན་ཀ་ཡིན་པར་བ་དང་། ནགས་ལས་སྩོགས་པར་མྱེས་གཏོང་དང་།། ལུས་ཅན་དག་ནི་འཇུག་བྱེད་ཀང་།། སྐྱེ་དགུ་དེ་ནི་མེ་འབར་བའི།། ཚ་བ་རབ་ཏུ་བསྲེག་པར་འགྱུར།། གང
298b7 རྟག་ཏུ་མེའི་མེ་གདུང་བ་དྲག་པོ་སྐྱེ་བ་དེའི་བྱོར།། འཇིག་རྟེན་དུ་ནི་ཚ་བའི་ཕྱིང་།། དོན་དང་མཐུན་པར་གྲགས་པ་ཡིན།། མྱེད་པར་ལྟ་བ་གང་ཞིག་ཀྱིས།། ཆོས་དང་ཆོས་མྱིན་ལོག་སྟོན་ཅིང་།། གཞན་དག་ལ་ནི་ཉོན་མོངས་བྱེད།
298b8 དེ་ནི་རབ་ཏུ་ཚ་བ་སྲེག། མེ་མོ་རབ་ཏུ་ཏྲཀ་པོ་ཡིས།། དེར་འཁོད་སེམས་ཅན་རབ་ཚ་བྱེད།། ཚབས་ཕུལ་དུ་བྱུང་བས་དེ།། དེ་ཕྱིར་རབ་ཚ་བར་གསུངས།། ར་དང་ལུག་དང་ཚ་དག་དག་དང་།། རི་བོང་བྱི་བ་རི་དགས་པག། སྲོག་ཆགས
298b9 གཞན་ཡང་བསད་བྱས་ན།། ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར།། ཀར་ཕྱིར་བསྡུས་ནས་དེར་འགྲོ་དང་།། གང་དག་སྲེག་པར་བྱེད་པས་ན།། དེའི་ཕྱིར་ན་བསྡུས་གཞོམ་སྟེ།། དེ་ལྟར་མྱིང་ནི་དོན་མཐུན་གྲགས།། འདིར




iiif viewer powered by OpenSeadragon

298a - 299a

Texts on this page

Ng22.47 - dam pa'i chos dran pa nye bar bzhag pa'i tshig le'ur byas pa