e-texts navigator
Collection
Volume
Page
Wylie

294b1 ཁྱིམ་ཀི་ནུབ་ཕྱོགས་ངོས་ན་གྲག་ཅིང་སྐད་ལན་རེ་བཏོན་ན། བྱ་བྱི་ཀུན་ཀྱ་བཞི་པ་ཙམ་དུ་འཇིགས་སོ།། མ་ཅིག་ཅི་ཉེས་ཞེས་སྨྲས་པ་དང་། ཀྱེ་དེ་རི་ཀ་དེ་ཟོས་ནས་སྨྲ་མྱི་ཤེས་མ་ཡང་རངགོ་སྤྱོད་པ་རང་ལ་མ་ཡོད་དེ། མགོ་བཏེག་སྟེ་བུ
294b2 ལ་བལྟས་ནས་ཕྱིག་ནས་མཆེ་མ་བྱུའོ།། ལག་པ་གཉིས་ཀྱིས་བུ་ལ་མཛེས་ནས་ཆོས་གོས་ལ་བསྔགས་སོ།། དེ་ནས་ཞུས་མ་ལ་བལྟས་ནས་མཆིམས་ནངས་ཏེ། འདི་སྐད་ཅེས་སྨྲས་སོ།། དེ་རིང་གི་ཉི་མ་འདི་འདྲ་བའི་སྡུག་བསྔལ
294b3 མཐོང་གི་བར་དུ་བདག་གྱི་ཕུང་པོ་འདི་ཇི་སྙེད་མྱེད་པར་མ་གྱུར་ཞེས་སྨྲས་ནས་ཤི་ནང་ཏུ་ཡང་མྱི་དགའོ།། དེ་ནས་བུས་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
294b4 བདག་གི་ས་ཁྱི་མོ་ནག་ཡོ་ཞིག་གི་ལུས་སུ་གྱུར་ནས་མཆིས་ན། བཅོམ་ལྡན་འདས་བདག་གིས་ཇི་ལྟར་བགྱིས་མཐརྡ་པར་འགྱུར་ཞེས་གསོལང་བ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།།
294b5 ཁྱོད་ཀྱིལ་སྡུག་བསྔལ་འདི་ལས་པ་རད་པར་འདོད་ན། འཕགས་པ་ནམས་སྤྱན་དྲངས་ཏེ། ཞག་བཞི་མཅུའི་སྔ་དགུའི་བར་དུ་མདོ་སྡེ་རྦ། གས་པའི་སྒྲ་གྱི་འཆད་ཅིང་མཐོ་རིམ་སུ་གྲགས་པར་བྱས་ནཱ། བསོན
294b6 ནམས་དེའི་ཚོགས་ཀྱིས། གདོད་ཁྱི་མོ་དེའི་སྡུག་བསྔལ་ལས་ཁར་པར་འགྱུར་རོ།། ཞེས་བཀའ་སྩལ་ནས། དེ་ནས་མེའུ་འགལ་གི་ས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་བགྱིས་ཏེ།
294b7 མེའུ་འགལ་ཀི་བུ་སྲི་ཞུ་བགྱིས་པའི་དོན་གིས་མེ་ཁྱི་མོ་དེའི་ལུས་ལས་ཐ་རད་ཏེ། བུ་མོ་ཞིག་ཀི་ལུས་སུ་གྱུར་ངོ་།། དེ་ནས་མེའུ་འགལ་ཀི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ངོ་ཏོ།། བདག་ནི་འཛམ་བུའི་གློ་པ
294b8 སེམས་གི་ཕ་མ་འདས་པ་དྲིན་བསབ་པའི་ཕྱིར། སྟོན་ཟླ་རབ་ཚེས་བཅོ་ལྔའི་གདུགས་ལ། དཀོན་མཆོག་གསུམ་སྤྱན་དྲངས་ཏེ། མེ་ཏོག་དང་ཞལ་ཟས་མཆོད་པ་ཕུལ་ཏེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས། གང་ཞིག་དེའི
294b9 ཉི་མ་ལ་ཞོང་པའི་ནང་བྱ་ཟས་ཕུལ་ཏེ། འདས་པའི་ཕ་མ་ལ་བསྔོས་ན། ཟས་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ།། དེའི་ཉི་མ་ལ་བསོད་ནམས་དེའི་ཚོགས་ཀྱིས། གཤིན་རྗེའི་ཀནམ་ཐ་འོག་གི་འབྲེ་འདོན་ཐམས་ཅད་རང




iiif viewer powered by OpenSeadragon

294a - 295a

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo