e-texts navigator
Collection
Volume
Page
Wylie

294a1 དེ་རྣམས་བཀག་ཅིང་མདུན་དུ་མྱི་གཏོང་སྟེ། སེར་སྣ་དང་ཆོ་ག་མྱི་ཤེས་པའི་སེམས་ཀྱིས་ཆུ་དེ་ཡང་མེ་མ་མུར་དུ་གྱུར་ནས་འཐུང་མ་ནུས་སོ།། དེ་ནས་མེའུ་འགལ་གི་བུས་མ་ལ་འདི་སྐད་ཅེས་སྨྲས་སོ།། མ་ཅིག་ཀྱི
294a2 ཉེས་རྩང་པོའི་ཆུ་འདི་ནི་རྒྱ་མཚོ་འཆི་བ་རྣམས་དང་མུ་འབྲེལ་ཏེ་འདུག་ན། ཤར་ནུབ་ལྷོ་བྱང་དུ་དཔག་ཚད་ཁྲི་ཡོད་དེ། མྱི་མཆེད་ཀྱི་འཇིག་རྟེན་གི་ཁམས་སུ་ཆུ་འདི་ནམ་ཟད་ན། བཀག་ཅིང་འདྲེ་རྣམས་ལ་འཐུང་དུ་མྱི་སྟེར་སྟེ། སྡིག་ཅན
294a3 ཀི་མྱི་ནི་ན་རག་ན་ཀང་བ་ཞིག་མཆིས་ན་ཡང་མ་ཁྱོད་ལྟ་བུའི་སེར་སྣ་དང་འདོད་པའི་བག་ཆགས་མར་བ་ནི་ཤིན་ཏུ་ཡང་དཀོན་ནོ།། མ་ཁྱོད་རྩང་པོའི་ཆུ་མི་ཙམ་ཞིག་འཐུང་ནུས་ན། འདྲེ་ལྟོགས་འདི་ཀུན་ལ་ཅིའི་ཕྱིར་བཀཀ་ཅིང་མདུན
294a4 དུ་འགྲོར་གྱི་སྟེར་དེ་ལྟ་བུའི་འདོད་པས་ཆོག་མྱི་ཤེས་པའི་སྤྱོད་པས། མང་པོའི་ཆུ་ནི་ཡུར་བ་ཀང་ཞིང་འབབ་ན་ཡང་འཐུང་དུ་མྱི་ཐོབ་ཅིང་མེ་མ་མུར་དུ་གྱུར་ན་ལུས་བསྲེགས་ནས་དེ་ལྟ་བུའི་འདོད་པ་དང་སེར་སྣའི
294a5 སེམས་ནས། དེ་ལྟ་བུའི་འདོད་པ་དང་སེར་སྣའི་སེམས་ད་དུང་ཡང་། ཆོ་ག་མྱི་ཤེས་ན། མ་ཅིག་ཁྱོད་ནམ་མཐོ་རིས་སུ་སྐྱེས་པར་འགྱུར། ཞེས་སྨྲས་པ་དང་། དེ་ནས་མེའུ་འགལ་གི་བུ་ལ་ངོ་ཚ་ཞིང་འགྱོད་པའི
294a6 སེམས་སྐྱེས་པ་དང་། གདོད་ཆུ་འཐུང་ནུས་ན། རྩང་པོའི་འགྲམ་དུ་ཚེའི་དུས་བྱས་པ་དང་།། རྒྱལ་པོའི་ཞབ་ཀྱི་ཧེའུ་བྱི་ལའི་ཁྱི་མོ་ནག་མོ་ཞིག་ཏུ་གྱུར་ད་ཅིང་འདུག་གོ། དེའི་དུས་ན་ཁྱི་མོ་དེ་མྱི་སྲུན་པ་ནི་གྲོང་ཀི་མྱི་ཐམས
294a7 ཅད་དེར་འདྲུལ་དུ་མྱི་སྟེར་རོ།། དེའི་དུས་ན་བུ་བསོད་སྙོམས་བྱེད་ཅིང་ཁྱིམ་བདག་དེའི་སྒོར་ཕྱིནད་པ་དང་། ཁྱི་མོ་དེས་མེའུ་འགལ་གི་བུ་མཐོང་བ་དང་། མདུན་དུ་འོ་ན་མེའུ་འགལ་གི་བུའི་ཆོས་ཀོས་ལ་བསྔགས་པ་དང་། མེའུ་འགལ
294a8 ཀི་བུ་ཤིན་ཏུ་ཡང་མྱ་ངན་གིས་གདུངས་ཏེ། མཆི་མ་ཁྲག་ལྟར་ཟགས་སོ།། ཁྱི་མོ་ན་ཀ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། མ་ཁྱོད་ཁྱེར་གྱུར་ན་ཡང་སྤྱོད་པ་དད་པ་མྱི་འབོར་ཏེ། ཁྱིམ་ཚེས་ཐམས་ཅད་ཁྱོད་ལ་འཇིགས་ནས་སྒོ་ཕྱི་བསྲུངས
294a9 ཏེ། ཕྱི་རོལ་གྱི་མྱི་རྣམས་ཁྱོད་ལ་སེང་གེ་ཡིན་ཞེས་ཟེར། མཁར་ཀི་ནདུདུ་འདི་ལྟ་བུའི་ཁྱི་མྱི་སྲུན་པ་ནི་དཔེའ་ཟླ་མྱེད་ཅེས་ཟེར། མྱིག་ནི་གསེར་བཞིན་སེར། སོ་ནཾ་རེ་དུལ་གི་མདོག་འདྲ་ཞེས་ཟེར། བདག་གིས་ཐོས་ན་ཁྱོད




iiif viewer powered by OpenSeadragon

293b - 294b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo