e-texts navigator
Collection
Volume
Page
Wylie

293b1 ནས་སྦོམ་གི་ནང་དུ་བཅུག་པའི་དུས་ན། དུར་སྟེང་དུ་གསེར་རྡུལ་ཟབ་དང་བཞག་ཀྱང་ཕན་བསོད་ཅི་ཡང་མྱེད་ཅེས་སྨྲས་ནས། གཡས་གཡོན་ན་བལྟས་ན་རིངས་པར་མཁན་པོ་ལ་ཕུལ་ཅིག་སྨྲས་སོ།། དེ་ནས་མེའུ་འགལ་ཀི་ཤུ།
293b2 བསོད་སྙོམས་བྱས་པའི་ལས་ནི་ཁྱེར་ནས། མ་ག་ལ་བ་འདུག་པ་སྔས་སུ་ཕྱིནང་ནས། པུས་མོ་ས་ལ་བཙུགས་ནས། ལག་པ་གཉིས་ཀྱིས་བཟུང་ནས་མ་ལ་ཕུལ་ལོ།། དེ་ནས་ཟས་དེ་ཐོབ་ནས། སེར་སྣའི་སེམས་ཀྱི་ལག
293b3 པ་ཡ་ཅིག་ནི་ལྷུང་ཟེད་ཀྱི་ཁ་ལ་བཀབ་སྟེ། ལག་པ་ཡ་ཅིག་ཀྱིས་ཁར་བཅུག་པ་དང་། མེ་མ་མུར་དུ་གྱུར་ད་ནས། མས་ཟས་ཟ་མ་ནུས་སོ།། དེ་ནས་མེའུ་འཀལ་ཀི་བུས་ཟས་དེ་བླངས་ནས། མ་ལ་གསེར་གི་ཁ་གཟར་གྱིས
293b4 བླངས་ཏེ་སྲི་ཞུའི་ཚུལ་ཀིས་གསོལ་པ་དང་། ད་དུང་འདོད་པའི་སེམ་ས་མ་དག་ནས། ཁ་སྣ་གཉིས་ནས་མེ་བྱུང་ནས་ཟ་མ་ནུས་སོ།། འཇིག་རྟེན་ན་སྲི་ཞུའི་ཚུལ་ནི་མེའུ་འགལ་ཀི་བུ་ལྟ་བུ་མྱེད་དོ།། དཔེར་ན་ལན་བྱ
293b5 བ་ལྟ་བུ་ཕ་མ་ལ་དྲིན་བསབ་པ་འམ། ཡུ་ཀུ་པུས་མོ་བཙུགས་ནས། མ་ལ་མུ་ཞོ་འཐུང་བ་བཞིན་དུ། མའི་བུའི་ལས་ཀྱང་དེ་དང་འདྲ་སྟེ། ཤི་ནང་ཏུ་ལྕི་བས། བྲོ་བ་སྣ་ཚོགས་ཟས་ཀྱི་སྲི་ཞུ་བྱས་ན་ཡང་།
293b6 ལག་ཏུ་བླངས་མ་ཐག་ཏུ་མེ་མ་མུར་གྱུརང་ནས་ཁ་ནས་མེ་འབར་རོ།། དེན་མེའུ་འགལ་ཀི་བུས་མ་ལ་འདི་སྐད་ཅེས་སྨྲས་སོ།། མ་ཁྱོད་ཆེརས་སྔོན་ཀཾ་ལས་ཡིན་པས། ཀང་ཀིས་ཀྱང་ཁྱོད་ཀྱི་སྡུག་བསྔལ་འདི
293b7 ཀུར་དུ་རྩི་འོང་ངོ་།། དེ་ནས་མེའུ་འགལ་ཀི་ཤུས་འདི་ལྟར་བསམས་སོ།། བདག་གི་མ་འདི་དུས་ལ་ཁམས་ན་འདུག་པོའི་དུས་ན། ཤིན་ཏུ་ཡང་སྒོམ་པའི་སྡུག་བསྔལ་གིས་ཉོན་མོངས་ཏེ། བདག་གིས་ཆུ་ངོམས་པ་ཞིག་བྲུང་རོ།
293b8 སམ་བསམས་ནས། མ་ཁྲིད་དེ་རྩ་འགྲམ་དུ་ཕྱིན་པ་དང་། མྲི་ཞུའི་ཚུལ་གྱིས་མའི་ལུས་ཀྱི་དྲི་མ་བཀྲུས་ནས། མ་ལ་ཆུ་སྦྱིན་པར་བསམས་པ་དང་། དེའི་དུས་མ་བཅོམ་ལྡན་འདས་ཀྱིས་མེའུ་འགལ་གི་བུའི་མ་སེར་སྣ་དང་། འདོད།
293b9 ཆགས་ཀྱི་སེམས་མ་ཟད་པར་མཐོང་ནས། རྩའི་ཡལ་ཀ་གཅིག་བཅད་ནས་འདྲེ་ལྟོགས་ལྔ་བརྒྱ་ཙམ་དུ་སྤྲུལ་ནས། རྩང་པོའི་ཆུའི་ནང་ཏུ་ལྟ་ཞིང་འཐུང་བ་ལྟར་བསྟནད་པ་དང་། དེའི་དུས་ན་མེའུ་འགལ་གྱིས་ཕྱོགས་བཞིར་བརྒྱག་ནཱ།




iiif viewer powered by OpenSeadragon

293a - 294a

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo