e-texts navigator
Collection
Volume
Page
Wylie

293a1 སྲིང་མོ་རྣམས་ཅི་ཉེས། བསྐལ་པ་གྲངས་མྱེད་པའི་བར་དུ་འདི་ལྟ་བུའི་འདོད་པས་ཆོག་མྱི་ཤེས་ཤིང་། ད་ལྟར་དམྱལ་ཁམས་ཀྱི་ནང་ན་སྡུག་བསྔལ་མྱོང་བའི་ས་ན་ཡང་། ཁྱིམ་ཐབ་ལ་རྟོབ་ཅིང་འདོད་པས་མྱི་ཤེས་ཏེ།
293a2 དང་། སྤུར་སྦྱར་ན། ནམ་སྟུག་བསྔལ་འདི་ལས་གྲོལ་ཟ་རད་པར་གྱུར་ད་ཞེས་སྨྲས་ནས།། དེ་ནས་མེའུ་འགལ་གི་བུས་མ་ཁྲིད་དེ། མ་བཀྲེས་སྐོམ་གིས་ཉོན་མོངས་པ་དང་། བུས་མ་ལ་མ་བསྡད་པར་རྒྱལ་པོའི་ཁབ་དུ་ཕྱིནད་ནས།
293a3 མ་ལ་སྦྱིན་པའི་ཟས་བསོད་སྙོམས་བྱེད་དུ་སོང་བ་དང་། ཁྱིམ་བདག་གཅིག་གི་སྒོར་ཕྱི་ནང་ནས། ནང་དུ་རོལ་མོ་བྱེད་ཅིང་འདུག་སྟེ། དེ་ནས་མེའུ་འགལ་གི་བུས་སྲེག་ཤང་དཀྲོལ་བ་དང་། ཁྱིམ་བདག་ཕྱི་རོལ་ཏུ་བྱུང་ནས་འདི་སྐད་ཅེས་སྨྲས་སོ།། །
293a4 མཁན་པོ་དུས་ལས་ཡོལ་ནས། ཅིའི་ཕྱིར་བསོད་སྙོམས་མཛད་ཅེས་གསོལ་པ་དང་། དེ་ནས་མེའུ་འགལ་ཀི་བུས་འདི་སྐད་ཅེས་སྨྲས་སོ།། བདག་གི་མ་ཚེའི་དུས་བྱས་ནས། བསྟི་བ་མྱེད་པའི་དམྱལ་ཁམས་སུ་ལྷུང་སྟེ། ཉེ་བར
293a5 དེ་བཞིན་གཤེགས་པས་ན་རག་ནས་ཕྱུང་སྟེ། བདག་གི་མའི་རུས་པ་ནི་དཔེར་ན་ཤིང་སྐམ་པོ་བཞིན། སྲོག་ནི་སྐུད་པ་པྲ་མོ་བཞིན་ཏུ་འདུག་སྟེ། བསོད་སྙོམས་བགྱིད་པའི་དུས་མ་ལགས་ན་ཡང་། མ་བཀྲེས་སྐོམ་གྱིས་ཉེན
293a6 ནས་ཤི་ནད་ཏུ་ཡང་ཉོན་མོངས། མ་ལ་སྦྱིན་པའི་སླད་དུ་ཟས་བསོད་སྙོམས་བྱེད་པ་ཡིན་ནོ་ཞེས་སྨྲས་པ་དང་། ཁྱིམ་བདག་དེ་ཚིག་དེ་ཐོས་པ་དང་། ཤི་ནད་ཏུ་ཡང་ཡ་མཚན་ཆེ་བར་གྱུར་པ་ནས་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན
293a7 གི་སེམས་ཅན་ཐམས་ཅད་ནི། མྱི་རྟག་ཅིང་གང་ཡང་བདེན་པ་མ་ཡིན་ཟིན་ན། གསེར་དངུས་ཀྱིས་བརྒྱན་པའི་ཁང་ཁྱིམ་དང་། འཇིག་རྟེན་པའི་ལོངས་སྤྱོད་ཅི་ཡོད་ན་ཡང་། ཚེའི་དུས་ཟད་ན་ཕན་བསོད་ཅི་ཡང་མྱེད་ཟིན་ན།
293a8 མཐོ་རིས་སྐྱེད་ཅེས་སུ་ཡང་མྱི་སྨྲ། ན་རཀ་སྡུག་བསྔལ་མྱོང་བའི་ཕྱི་ནི་མ་ཞེས་ཁ་ནས་ཀྱང་ཀུན་བརྗོད། དགེ་བ་སྤྱོད་པའི་མྱི་ནི་ཉུང་སྟེ། ཀོས་ཡོད་པའི་དུས་ནགོས། ཟས་ཡོད་པའི་དུས་བཟང་པོར་ཟོས་ཤིང་། མྱི་བླུན
293a9 པོའི་ཁྱིམ་ན་ནོར་ཟས་པ་ཆགས་ནས། སྤྱོད་བྱོ་ཤེས་པ་ལ་མ་སློབ་ཅིག། ནུས་ན་བསོད་ནམས་ཕུན་གསུམ་ཚོགས་པར་སྤྱད་ན་ནཾ། ད་ལས་བསོད་ནམས་ཆེ་བ་མྱེད་ཟིན་ན། ཉིན་ཅིག་ཚེའི་ལས་བྱུང་ནས། ལཀ་བརྐྱང




iiif viewer powered by OpenSeadragon

292b - 293b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo