| e-texts navigator |
| Wylie |
292b1 ཐུགས་རྗེས་སུ་དུས་གཅིག་ཏུ་མཐོ་རིས་སུ་སྐྱེས་སོ།། མེའུ་འགལ་གི་བུའི་མ་ཅིག་བུ་འདྲེ་ལྟོགས་སུ་འདུག་ཅིང་བར་རོ།། དེ་ནས་མེའུ་འགས་ཀི་ཐུས་སངས་རྒྱས་ཀྱི་སྟོབས་ཀྱིས་མ་སྡུག་བསྔལ་ནས་དྲངས་ནས། ཡུན་རིང་པོར་དམྱལ།
292b2 ཁམས་ཀྱི་ནང་དུ་སྡུག་བསྔལ་བྱེད་དོ།། བཀྲེས་སྐོམ་གིས་ལོ་གྲངས་མྱེད་པ་ཞིག་ཉོན་མོངས་སོ།། དེ་ནས་སྲིན་པོ་ཞིག་འོངས་ནས། མེའུ་འཀལ་ཀི་བུ་ལ་འདི་སྐད་ཅེས་སྨྲས་སོ།། མཁན་པོ་འཇིག་རྟེན་ཀི་བུ་མྱེད་རྣམས་ནི་ཉོན
292b3 མོངས་ཤིང་སྙིང་རྗེར་ཡང་རུང་ལ། སླར་བསམས་ན་མྱིག་ལམ་དུ་མྱི་སྟུག་ཅིང་། ཡི་ཀར་མྱི་འོང་ཡ། དུས་གསུམ་དུ་བརྒྱ་པ་རྒྱུ་ཡིན། དེ་ཅིའི་ཕྱིར་ཞེ་ན། མཁན་པོ་ཅུང་ཟད་ཅིག་བཞེས་ལ་གཟིགས་དང་ཞེས་སྨྲས་སོ།།
292b4 དེ་ནས་མེའུ་འགལ་གི་ཁུ་ཆུང་ཟད་ཅིག་འགྲེང་བ་དང་། སྲིན་པོ་དེས་སྐྱེས་པ་ཤིནད་ཏུ་མཛེས་པ་བལྟ་ན་སྟུག་པ་ཞིག་ཁསྒྱུར་ནས། ཕྱི་བ་ཞིན་མྱི་བཅུ་ཙམ་ཁྲི་དེ་ནས་བུད་མྱེད་གི་ན་རག་ཏུ་ཞུགས་པ་དང་། བུད
292b5 བྱེད་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། བདག་རྒྱལ་པོ་བྱེད་ཅི།། པ་སེམས་ཅན་ཐམས་ཅད་ལ་མཉམ་པ་མ་བྱེད། ཆུང་ནས་ཡང་། ཞིང་གཅིག་པུ་འདུག་པས་ཁྱོད་ཅག་སུ་ངའི་ཆུང་མ་བྱེད་པ་ཡོད་ན།།
292b6 ངའི་ཕྱི་བཞིན་འདོད་ཞེས་སྨྲས་པ་དང་། དེ་ནས་བུད་མྱེད་དེ་རྣམས་ཁ་སྒྲུབ་དང་ཀང་རྒྱལ་དུ་འགྱེལ་ཞིང་བརྒྱགས་ནས་སྐྱེས་པ་དེའི་གན་དུ་འདུས་ནས། གཅིག་ནི་ཕ་རོལ་མོ་མཁན་ཞེས་ཟེར། གཅིག་ནི
292b7 ལེགས་ཞེས་ཟེར། གཅིག་ནི་གློ་བ་འཚལ་ཞེས་ཟེར། གཅིག་ནི་དེ་ཤ་ལྤགས་འཇམ་ཞེས་ཟེར། གཅིག་ནི་ང་རྒྱལ་པོའི་བུ་མཽ་ཡིན་ནོ་ཞེས་ཟེར། གཅིག་ནི་བློན་པོའི་བུ་ཡིན་ཞེས་ཟེར། གཅིག་ནི་པ་བྲམ་ཟེའི་བུ་མོ
292b8 ཡིན་ཞེས་ཟེར། གཅིག་ནི་ང་རྒྱལ་པོའི་ཆུང་མ་ཡིན་ཞེས་ཟེར། གཅིག་ནི་བབློན་པོའི་ཆུང་མ་ཡིན་ཞེས་ཟེར་ཞིང་། རང་རང་གི་ཡོན་ཏན་བཤད་ཅིང་སོ་སོ་ནས་ངེད་ལོང་ཞེས་སྨྲ་ཞིང་དྲུང་དུ་འོངས་པ་དང་། དེ་ནས་སྲིན་པོ།
292b9 དེ་མྱེའི་ཕུང་པོ་གཅིག་ཏུ་སྤྲུལ་པ་དང་། ཀང་ཀིས་ཀྱང་ཉི་མ་ནུས་སོ།། ། དེ་ནས་མེའུ་འགལ་གི་བུས་དེ་རྣམས་མཐོང་སྟེ། ཕུང་པོ་དང་སེམས་རྨུགས་ནས་འདི་སྐད་ཅེས་སྨྲས་སོ།།