e-texts navigator
Collection
Volume
Page
Wylie

292a1 པ་གཞན་གང་གིས་ཀྱང་ར་མདའ་ནུས་པ་མ་མཆིས་སོ།། དེ་ནས་མེའུ་འགལ་ཀི་བུས་ན་རག་གི་སྡུག་བསྔལ་དེ་དག་བཤང་ལགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བསམས་ན། མེའུ་འགལ་ཀི་བུ་ལྟ་བུ་སྲི་ཞུ་ཆེ་བ་ནི
292a2 འཇིག་རྟེན་ན་ཡང་དཀོན་པའི་ཕྱིར་རོ།། དེ་བཞིན་གཤེགས་སེམས་ཅན་དམྱལ་ཁམས་ནས་དྲང་བའི་སླད་དུ། དམྱལ་ཁམས་དེ་དག་རྫུ་འཕྲུལ་གི་འོད་ཀྱིས་བཀྱེ་སྟེ། དམྱལ་ཁམས་དེ་དག་མངོན་པར་སྣང་ངོ་།། བུད་མྱེད་འདོད་པ་ཆེ་ཞིང
292a3 ཆོ་ག་མྱི་ཤེས་པ་རྣམས་ལྕགས་ཀྱི་ཁྲིའི་སྟེང་དུ་བསྙལ་ནས། ལུགས་གཟེར་གྱིས་ལུས་ལ་བཏབ་པར་སྣང་ངོ་། སྐྱེས་པ་འདད་ཆགས་ཀྱིས་ཆག་མྱ་ཤེས་པ་རྣམས་ལྕགས་ཀྱི་ཁྲའ་སྟང་དུ་བསྙལ་ནས། ལྕགས་གཟར་ཀས་ལས་ལ
292a4 བཏབ་པར་སྣང་བ། སྐྱེས་པ་འདོད་ཆགས་ཀྱིས་རོག་མྱི་ཞེས་པ་ནས་ནི། འཁར་བའི་གཟུ་བ་ལ་འདུལ་ཞིང་། ཟང་དང་ལྟོ་བའི་པགས་པ་རྣམས་ཚུལ་ཞིང་ཕྱགས་ནས། བཀྲེས་པའི་དུས་ན་སྔགས་ཀྱི་བུ་ཡུམ།
292a5 མྱིང་དུ་བཅུག་ནས། ཤིན་ཏུ་ཡང་མྱི་བཟོད་ཅིང་། སྐོམ་པའི་སྐད་འབྱུང་བའི་དུས་ན། ཁ་མུ་ལ་བརྐྱང་སྟེ་མངོན་པར་སྣང་ངོ་།། དེ་བས་ཤིན་ཏུ་གདུག་ཅིང་བ་སྤུ་ལངས་པ་ཙམ་དུ་གདུང་བའི་ན་རས?
292a6 བཤུད་ཀྱིས་མྱི་ལང་བ། བརྗོད་ཀྱིས་མྱི་ཟིན་པའི་ན་ར་ཀ་དེ་རྣམས་བཅོམ་ལྡན་འདས་ཀྱིས་འོད་འཕོ་བྲང་དུ་སྣང་ངོ་། དེ་ནས་བཅོམ་ལྡན་འདས་དམྱལ་ཁམས་དེའི་སྒོ་ག་ལ་བ་དེར་སོང་བ་དང་། བརྒྱ་བྱིན་ལྷོ
292a7 དབང་པོས་ནི་རིན་པོ་ཆེའི་གདུགས་བཏེགས་ཏེ། བཅོམ་ལྡན་འདས་ཀྱི་སྔོན་རོལ་ཏུ་འགྲོའོ།། ཚངས་པའི་རྒྱལ་པོ་ནི་དེ་བཞིན་གཤེགས་པོའི་གསེར་གི་ཆོས་གོས་གི་མཐའ་མ་ལ་བཟུང་ཞིང་ཕྱི་བཞིན་དུ་འགྲོའོ།། དཔེར
292a8 ཀཱཊཱ་བ་ཏ་བ་བཞིན་དུ་གཅིག་པུ་སེང་གེའི་སྟབས་སུ་འགྲོ་ཤིང་། དམྱལ་ཁམས་ཀྱི་སྒོར་ཕྱི་ནང་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་མཐོ་རིལ་དང་། དམྱལ་ཁམས་ཀྱི་སྒོ་ནུས་ཅིག་ཏུ་ཕྱེ་སྟེ། ལུགས་ཀྱི་བུ་ཨུ
292a9 ནི་ཡིམ་བཞིན་མའོ་བུ་རིན་པོ་མ་གྱུར་ཏེ། མར་བའི་ཚུའི་བྱང་ཆུས་ཀྱི་སུ་མིན་ཐུག་ཅབ་པར་གྱུར་ཏེ། སྡིག་ཅན་ནི་སེམས་པས་དཔེར་ན་ངང་བ་དང་། རྩ་བ་དང་། དྲམ་པ་ག་བུར་བྱང་ཆུབ་ཀྱི་ནས་བུ་ལྔ་ཞིང། སངས་ཆུ




iiif viewer powered by OpenSeadragon

291b - 292b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo