e-texts navigator
Collection
Volume
Page
Wylie

291b1 འཇིག་རྟེན་སྲིད་པའི་ཆོས་ཐམས་ཅད་ཀྱང་བསྒྱུར་དུ་བཏུབ་པ་ཅིག་ལགས་ན། བསྒྱུར་དུ་མྱི་བཏུབ་པའི་ཕྱིར་ནི། མ་བུ་གཉིས་ཀྱི་ལས་ཀྱང་དེ་དང་འདྲའོ་ཞེས་སྨྲས་སོ།། དེ་ནས་མེའུ་འགལ་གི་བུས་མ་སླར་ཁྲིད་པ་མཐོང་བ་དང་། ལུས།
291b2 ས་ལ་བརྡབས་ནས་ཁ་མྱིག་ནས་ཁྲག་ཟགས་པ་དང་། དེའི་དུས་ན་བཅོམ་ལྡན་འདས་ཡུལ་མ་ཀ་ད་ན་བཞུགས་པ་དང་། མེའུ་འཀལ་ཀི་པུ་སྲི་ཞུ་སྤྱོད་པ་བཅོམ་ལྡན་འདས་ཀྱིས་མཐོང་ནས། ཀུན་དཀའ་བོ་མངགས་སྟེ། མེའུ
291b3 འགལ་གི་བུ་འབོད་དུ་བཏང་ངོ་།། དེ་ལ་བཀ་ཏུ་ཀུན་དགའ་བོ་བསྟི་བ་མྱེད་པའི་ན་རག་ཏུ་ཕྱིན་ནོ།། དེ་ནས་ཀུན་དགའ་བོས་མེའུ་འགལ་ཀི་ཡུ་ལ་བོས་ནས་འདི་སྐད་ཅེས་སྨྲས་སོ།། མེའུ་འགལ་ཀི་བུ་འདི་ལྟ་བུའི་གདུང
291b4 བ་མ་སྐྱེད་པར་ལོངས་ཤིང་།། དེ་བཞིན་གཤེགས་པ་སེམས་དོན་ཐམས་ཅད་ཀྱི་དོན་བྱེད་ཅིང་འཇིག་རྟེན་མ་བཞུགས་སོ།། ཁྱོད་ཀྱི་འབའ་ཞིག་འདྲེན་པ་གྱི་ནུས་སམ་ཅི། འདི་ལྟ་བུའི་གདུང་བ་སྐྱེད
291b5 འདུག་གམ།། མ་རུ་བར་ལོངས་ཤིག། དེ་བཞིན་གཤེགས་པས་ཁྱོད་ལ་བཀའ་སྩལ་ད་ཞེས་སྨྲས་པ་དང་། དེ་ནས་མེའུ་འགལ་གིས་བུས། ལངས་ནས། ཀུན་དཀའ་བོ་དང་ལྷན་ཅིག་ཏུ། དེ་བཞིན་གཤེགས
291b6 པའི་སྤྱན་ལམ་དུ་འོངས་པའི་དེའི་དུས་ན། དེ་བཞིན་གཤེགས་པ་དབྱར་ཚུལ་དུ་ཞུགས་ཤིང་འཁོར་ནམས་ལྷ་ཀླུ་སྡེ་བརྒྱད་ལ་ཆོས་འཆད་ཅིང་བཞུགས་སོ།། དེ་ནས་མེའུ་འགལ་ཀི་བུས་བཅོམ་ལྡན་འདས་མཐོང་ནས།
291b7 ན་རག་གི་སྡུག་གི་སྡུག་བསྔལ་ཐམས་ཅད་རྫོགས་པར་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ན། ཕ་མའི་དྲིན་ནི་ཤིན་ཏུ་ཡང་ལྕི་བ་ལགས་ན། བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་ཡབ་ཡུམ་དུ་གྱུརྡ་པ
291b8 ལཀྲས་ན། བདག་ཉིད་ཚད་མྱེད་པར་མྱོས་ཤིང་སེམས་བཅད་པ་ཙམ་དུ་ན། བཅོམ་ལྡན་འདས་ཐུགས་རྗེས་དགོངས་ཏེ། སེམས་ཅན་འདི་རྣམས་སྲིན་བུ་སྲིན་པ་ལ་སྐྱུགས་པ་བཞིན་དུ། འཁོར་བ་ན་འཁོར་ཞིང་འབྱུང་འཇུག
291b9 བྱེད་དེ། བདག་གི་མ་ཤི་ནང་ཏུ་ཡང་སྡིག་པའི་ལྡན་བསྟུག་པས། ད་ལྟར་བསྟི་བ་མྱེད་པའི་དམྱལ་ཁམས་སུ་སྡུག་བསྔལ་མནོད་ཅིང་མཆིས་ཏེ། བསྐལ་པར་ཡང་འབྱུང་བའི་དུས་མྱེད་པ་འདྲ་ན། དེ་བཞིན་གཤེགས་པ་མ་ལས




iiif viewer powered by OpenSeadragon

291a - 292a

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo